ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣ་དང་དམངས་གཙོ་ཏང་ཁག་གི་གྲོས་མོལ་ཚོགས་འདུ་བསྡུས།
2023.01.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན།  ཞིང་ཆེན་ཏང་ཨུ་ཡིས་ཏང་ཕྱིའི་མི་སྣ་དང་དམངས་གཙོ་ཏང་ཁག་གི་གྲོས་མོལ་ཚོགས་འདུ་བསྡུས་ཏེ།   དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ།   མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་ཀྱི་འབྲེལ་ཡོད་མི་དོན་བཀོད་སྒྲིག་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་འབྲེལ་ཡོད་མི་དོན་བཀོད་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན།   མི་འགྱངས་པར་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུ་རྒྱུ་ཡིན་པ་དང་།    ས་གནས་རྩ་འཛུགས་བཅའ་ཁྲིམས་དང་སྲིད་གྲོས་སྒྲིག་ཡིག་ལྟར་འདེམ་བསྐོ་བྱ་རྒྱུ་ཡིན་ལ།  དེ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ་དང་།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་དོན་སྙིང་གལ་ཆེན་ལྡན།    དམངས་གཙོའི་གྲོས་མོལ་ལ་ཤུགས་སྣོན་ཆེད།   ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་མི་དོན་བཀོད་སྒྲིག་ལ་གྲོས་མོལ་གང་ལེགས་བྱས་པ་དང་།   སྔར་ལས་ལྷག་པའི་སྒོ་ནས་དམངས་གཙོ་དར་སྤེལ་དང་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་པ་བརྒྱུད་དེ་ཕྱོགས་སོ་སོ་ནས་མཐུན་སྒྲིལ་སེམས་གཅིག་དང་དཔའ་སྐྱེད་མདུན་སྐྱོད་བྱས་ལ།  ཚོགས་ཆེན་བདེ་བླག་ངང་བསྡུ་བར་སྣང་ཚུལ་བཟང་བོ་བསྐྲུན།

པད་ཁོ་ཡིས་ནན་གྱིས་བསྟན་དོན།   དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ།   མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་བསམ་བློ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་བཀོད་སྒྲིག་གི་ཐག་གཅོད་གལ་ཆེན་སྟེང་གཅིག་གྱུར་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་མི་དོན་འདེམ་བསྐོའི་བྱ་བ་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཕྱིའི་ཀྲུའུ་རིན་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཕྱིའི་ཧྲིན་ཀྲང་གཞོན་པ།    ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་ཀྲུའུ་ཞི་གཞོན་པ།    དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ།     ཏང་ཁག་གང་ལའང་མི་གཏོགས་པ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས།   ཚང་མས་གཅིག་གྱུར་སྒོས་བསྟན་དོན།   ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་བཀོད་སྒྲིག་བསམ་འཆར་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་གོང་བཀུར་བྱེད་རྒྱུ་ཡིན་ཟེར།

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།