ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པའི་ལོར་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པས། གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་དམ་འཛིན ། ཕྱོགས་ཡོངས་ནས་དངོས་འབེབས་བཟང་པོ་བཅས་བྱེད་དགོས། གྲུབ་འབྲས་ལ་ཁས་ལེན་ཡང་དག་ཐོབ་པའི་ཁྲོད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འདས་པའི་ལོ་གཅིག་རིང་གི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སོ་སོས་བླངས་པའི་གྲུབ་འབྲས་ལ་ངོས་འཛིན་ཟབ་མོ་བྱེད་པ། ཡིད་ཆེས་སྔར་ལས་ཇེ་བརྟན་ དང་ལག་ལེན་ཉམས་མྱོང་གི་བློ་སྒོ་སྔར་ལས་ཡངས་པོར་ཕྱེས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་སུ་འགྱུར་བར་བྱེད་དགོས། མིག་སྔའི་གནས་བབ་ཡང་དག་སྒོས་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་མཉམ་ཤུགས་གཅིག་བསྡུས་བྱས་ཏེ། རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་ཕྱི་ནང་ཁོར་ཡུག་གི་རྒྱུ་རྐྱེན་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ་དང་། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཚད་མཐའི་བསམ་གཞིགས་འཛུགས་པ་དང་དམིགས་འབེན་བླང་བྱ་དམ་འཛིན་བྱེད་པ། འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། གཙོ་གནད་ལས་འགན་ལ་གོ་བ་ཟབ་མོ་ལེན་པའི་ཁྲོད་དཔའ་ངར་ཆེར་སྐྱེད་བྱེད་དགོས་ཏེ། བྱ་བའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། བྱ་བ་ནན་ཏན་སྒོས་སྒྲུབ་པ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།
གྲོས་ཚོགས་ནས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། ཀྲུང་དབྱང་གི་དགོངས་དོན་གསལ་བོར་ཤེས་པར་བྱེད་པ་དང་། བདེ་འཇགས་གནས་བབ་ངོས་ཟིན་པ། ཉེན་ཁའི་འགོག་རྐྱེན་ལ་དམ་དུ་དམིགས་པ། གཞུང་ལམ་འགྲིམ་འགྲུལ་དང་། རིམས་ནད་འགོག་སྡོམ། རྫས་འགྱུར་དངོས་རྫས། གཏེར་རི། མེ་འགོག་མེ་གསོད། འཛུགས་སྐྲུན་ལས་ཡུལ། གྲོང་གསེབ་འཁོར་སྐྱོད། ནགས་ཚལ་དང་རྩྭ་ཐང་མེ་འགོག རང་བྱུང་གནོད་འཚེ། སྤྱི་ཚོགས་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ་ལ་དམིགས་བཙུགས་ཏེ། བདེ་འཇགས་འགོག་སྲུང་བྱ་བ་ནུས་ཤུགས་ཡོད་དགུས་སྒྲུབ་པ་དང་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་ཆད་མེད་པར་བརྟན་འཇགས་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་གྲོང་གསེབ་དར་སྤེལ་དང་། འཛད་སྤྱོད་སླར་གསོ་དང་རིམ་སྤོར་བྱེད་པ། འཛུགས་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་འཛུགས་པ། ལྟ་ཞིབ་སྐུལ་སློང་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་ནས། ཏང་གིས་རོང་འབྲོག་ཁུལ་གྱི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱིའི་འགན་ཁུར་བ་དང་། གྲོང་ཁྱེར་དང་ཁུལ། རྫོང་དང་ཡུལ་ཚོ་བཅས་ཀྱིས་གྲོང་གསེབ་དར་སྤེལ་བྱ་བ་དངོས་འབེབས་དམ་འཛིན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། འགན་འཁྲི་གསལ་བོ་དང་རང་འགན་རང་གིས་ཁུར་བ། མཉམ་དུ་སྐུལ་འདེད་གཏོང་བའི་གྲོང་གསེབ་དར་སྤེལ་གྱི་འོས་འགན་མ་ལག་གྲུབ་པར་བྱེད་དགོས། འཛད་སྤྱོད་ཆ་རྐྱེན་སྔར་ལས་ལེགས་སྒྱུར་བྱས་ཏེ། འདོན་སྤྲོད་སྤུས་ཚད་མཐོར་འདེགས་དང་། རིགས་གསར་འཛད་སྤྱོད་རྒྱ་བསྐྱེད་པ། འཛད་སྤྱོད་རྣམ་པ་གསར་གཏོད། ཕྱོགས་བསྡུས་འཐབ་ཇུས་ལག་བསྟར་བྱས་ནས་དཀའ་ཁག་ཅན་གྱི་ཁེ་ལས་ལ་རོགས་བྱེད་པ། འཛད་སྤྱོད་སླར་གསོ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་ལས་རིགས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། འཛུགས་སྐྲུན་ལས་རིགས་ཀྱི་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། འཛུགས་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་སྒྲིག་བཀོད་ནུས་ཤུགས་ཡོད་དགུས་འཐུས་ཚང་དུ་བཏང་སྟེ། སྟབས་བདེ་ཕན་མཐོ་དང་། ལྗང་མདོག་གྲོན་ཆུང་། རིག་ནུས་སྔོན་ཐོན། བདེ་འཇགས་ཡིད་རྟོན་བཅས་ཀྱི་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་བཙུགས་ནས། མཚོ་སྔོན་འགྲིམ་འགྲུལ་གྱི་འཐབ་ཇུས་འདེགས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ལྟ་ཞིབ་སྐུལ་སློང་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་སྤུས་ཚད་མཐོ་བའི་སྒོ་ནས་དངོས་འབེབས་ཡོང་བར་སྐུལ་འདེད་གཏོང་དགོས་པ་སོགས་ནན་གྱིས་བསྟན།
གྲོས་ཚོགས་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
ཝང་ཝེ་ཏུང་། ཚེ་རིང་ཐར། ཁོང་ཡུང་། དབྱང་ཧྥིན་ཁྲུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲོ། ལི་ཧུང་ཡཱ། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།