ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གི་འཚམས་འདྲིའི་ཚན་ཆུང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་དུ་སོང་ནས་རྒྱལ་ཡོངས་ཀྱི་སྤྱོད་བཟང་དཔེ་ལེགས་མི་སྣ་ཀན་ཀྲན་ཨུན་གྱི་ཕ་མར་འཚམས་འདྲི་བྱས་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་མགོ་ཁྲིད་བློ་མཐུན་གྱི་བྱམས་བརྩེའི་ཐུགས་ཁུར་བརྒྱུད་སྒྲོག་བྱས་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གི་ལྷག་བསམ་རྣམ་དག་གི་འཚམས་འདྲི་བརྒྱུད་སྒྲོག་བྱས་ནས་སྤྱོད་བཟང་དཔེ་ལེགས་མི་སྣར་ཐུགས་ཁུར་དང་གུས་བཀུར་བྱེད་པ་མཚོན་པར་བྱས།
འབྲེལ་ཡོད་བཀོད་སྒྲིག་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ལོ་སར་གྱི་དུས་སྐབས་འདིར་རྒྱལ་ཡོངས་ཀྱི་སྤྱོད་བཟང་དཔེ་ལེགས་མི་སྣར་མཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཀན་ཀྲན་ཨུན་གྱི་ཕ་མ་ནི་རང་རེའི་ཞིང་ཆེན་གྱི་འཚམས་འདྲི་བྱེད་ཡུལ་ཁོ་ན་ཡིན། ཀན་ཀྲན་ཨུན་སྔོན་ཆད་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་གྱི་ཞི་པའོ་གྲོང་རྡལ་ཡང་ཅོན་སློབ་འབྲིང་གི་སློབ་མ་ཡིན་ལ། ཉིས་སྟོང་བཅུ་ལོར་དཔའ་ངར་ཆེན་པོས་རང་གི་འགྲོ་རོགས་ཆུར་ལྷུང་བ་བསྐྱབས་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། ཉིས་སྟོང་བཅུ་གཅིག་ལོར་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་བདེན་དོན་དཔའ་སྐྱེད་མི་སྣའི་མཚན་སྙན་ཐོབ།
ཀན་ཀྲན་ཨུན་གྱི་ཕ་མའི་ཁྱིམ་དུ་འཚམས་འདྲིའི་ཚན་ཆུང་གིས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་མགོ་ཁྲིད་བློ་མཐུན་གྱི་ཐུགས་ཁུར་མཚོན་པར་བྱས་པ་དང་། ཁོ་ཚོའི་འཚོ་བ་དང་ལས་གཉེར་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཀན་ཀྲན་ཨུན་གྱི་ཕ་མས་བཤད་དོན། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་བརྩེ་བའི་ཐུགས་ཁུར་ལ་བཀའ་དྲིན་ཞུས་པ་དང་། དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་ཉེ་འདབས་ཀྱི་མང་ཚོགས་རྣམས་ཀྱིས་དུས་རྒྱུན་གཅེས་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས།
རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་སྒྲུབ་ལུགས་ལ་དཔེ་བྱས་ནས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་མི་འགྱངས་བར་རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་སྤྱོད་བཟང་དཔེ་ལེགས་མི་སྣའི་མིང་བཏོན་མི་སྣ་དང་ཀྲུང་གོའི་མི་བཟང་། ཞིང་ཆེན་རིམ་པའི་སྤྱོད་བཟང་དཔེ་ལེགས་མི་སྣ་སོགས་ལ་མཚམས་འདྲི་དང་རོགས་སྐྱོར་བྱེད་རྒྱུ་རེད།
མི་ཕམ་མགོན་པོས་བསྒྱུར།