ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་གསོ་སྦྱོང་ཚོགས་འདུ་བསྡུས།
2023.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་གསོ་སྦྱོང་ཚོགས་འདུ་བསྡུས།

གསོ་སྦྱོང་ཚོགས་འདུའི་སྟེང་སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་དངོས་དང་དམ་པོར་སྦྲེལ་ནས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས།  སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་འདུ་ཤེས། ཇི་ལྟར་སྲིད་གྲོས་ཀྱི་གྲོས་གཞི་ལེགས་པོར་འབྲི་བ་སོགས་ཀྱི་ཐད་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་ཟུར་ཁྲིད་བྱས་ཏེ། སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ངེས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། སྲིད་གྲོས་བྱ་བར་མྱུར་དུ་རྒྱུན་ལོན་དང་འགན་སྒྲུབ་བྱེད་ཐབས་དམ་འཛིན་བྱེད་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་སྔར་ལས་ལྷག་པར་ལག་བསྟར་བཟང་པོ་བྱེད་པར་ཡར་སྐུལ་བྱས།

གསོ་སྦྱོང་ལ་ཞུགས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། ཐེངས་འདིའི་གསོ་སྦྱོང་གིས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲིར་སྔར་ལས་ལྷག་པའི་ངོས་འཛིན་དང་རྒྱུས་ལོན་གསལ་བོ་ཡོད་པར་བྱས་ལ། སྲིད་གྲོས་བྱ་བའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། སྔར་ལས་ཡང་དག་པའི་སྒོ་ནས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོ་བོ་ངེས་གནས་དང་། འགན་ནུས་འོས་འགན། བྱ་བའི་རྩ་དོན་སོགས་ལ་རྒྱུས་ལོན་དང་གདེང་ཚོད་ཡོད་པར་བྱས་ཟེར། ཚང་མས་གཅིག་གྱུར་གྱིས་བལྟས་ན། ཆབ་སྲིད་གླེང་བ་དང་སྤྱི་ཡོངས་བསམ་པ། སྒྲིག་ལམ་སྲུང་བ་བཅས་བྱས་ཏེ། གཟི་བརྗིད་ལ་གཅེས་འཛིན་དང་འགན་འཁྲི་མཐའ་འཁྱོལ་གྱིས་སྒྲུབ་པ། རང་འགུལ་གྱིས་དཀྱིལ་སྙིང་ཞབས་ཞུའི་སྤྱི་ཡོངས་ལ་དམིགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་འགན་འཁྲི་དངོས་སུ་ཁག་ཁུར་བྱེད་དགོས། འགན་འཁྲི་སྒྲུབ་པའི་ཤེས་བྱ་དང་རྩལ་ནུས་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། སྲིད་ཞུགས་སྲིད་གླེང་གི་ནང་དོན་དང་། རྣམ་པ་དང་གོ་རིམ་ལ་ངོས་འཛིན་ཡང་དག་བྱེད་དགོས་པར་མ་ཟད། གྲོས་གཞི་དང་རྟོག་ཞིབ། ཞིབ་བཤེར། དམངས་ཀྱི་འདོད་བློ་མངོན་པའི་ཁྱད་ཆོས་དང་བླང་བྱར་ཡང་ངོས་འཛིན་ཡང་དག་བྱེད་པ་དང་། འགན་སྒྲུབ་ཀྱི་རང་རྟོགས་རང་བཞིན་དང་གསར་གཏོད་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འདོན་འོས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་སྙམ།

གྲོས་ཚོགས་སྟེང་། ཨུ་ཡོན་རྣམས་ཀྱིས་སྐབས་བརྗེའི་སྒྲིག་ཁྲིམས་སློབ་གསོའི་ཉེན་བརྡའི་བརྙན་ཐུང་ལ་བལྟས།

                                                                             རིག་འཛིན་སྒྲོལ་མས་བསྒྱུར།