ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་གསུམ་ཡོད་པ་དང་། མི་ང་བརྒྱད་གྲོས་ཚོགས་ལ་ཞུགས་པས་ཁྲིམས་བཀོད་མི་གྲངས་དང་མཐུན།
ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོར་བསྡོམས་པས་གྲོས་རིམ་བཅུ་ཡོད་དེ།
གཅིག ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམ་སྒྲུག་བྱ་རྒྱུ།
གཉིས། གྲོས་ཚོགས་ཀྱི་ཉིན་རིམ་ཐག་གཅོད་རྒྱུ།
གསུམ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམ་སྒྲུག་བྱ་རྒྱུ།
བཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཐག་གཅོད་རྒྱུ།
ལྔ། གྲོས་གཞིར་བརྡས་ཐག་གཅོད་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།
དྲུག འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཐག་གཅོད་རྒྱུ།
བདུན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་ཀྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་བསྡུར་བྱ་རྒྱུ།
བརྒྱད། འདེམ་བསྐོའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་བསྡུར་བྱ་རྒྱུ།
དགུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་འཛུགས་པའི་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱ་རྒྱུ།
བཅུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མིའི་འོས་མི་འདེམ་སྒྲུག་བྱེད་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་འཆམ་འབྱུང་རྒྱུ་བཅས་རེད།
གྲོས་ཚོགས་སྟེང་རིམ་པ་བཞིན་འདེམ་སྒྲུག་དང་ཐག་གཅོད་བྱས་ཏེ་གོང་གི་གྲོས་རིམ་བཅུ་ལ་གྲོས་འཆམ་བྱུང་།
ལྷ་མོ་ཚེ་རིང་གིས་བསྒྱུར།