ཝུའུ་ཞའོ་ཅུན་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་ཞིབ་ལ་ཞུགས།
2023.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཁོ་ཡོད་སའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་ཞིབ་ལ་ཞུགས། གྲོས་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། སྟོབས་ཤུགས་ཆེན་པོ་འདོན་པ་དང་འབད་འཐབ་ལྷོད་མེད་བྱས་ནས། མདོ་དབུས་མཐོ་སྒང་གི་རི་ཆུ་ཞིང་སྡེ་དང་སྐྱེ་ཁམས་ལྗང་མདོག བབ་སྡོད་ལས་བརྩོན། གསར་གཏོད་གསོན་ཤུགས། མཁར་གྲོང་གཅིག་འདོམས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་ཤར་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས།

གྲོས་ཞིབ་བྱེད་སྐབས། འཐུས་མི་དགུ་ཡིས་སྔ་གཞུག་ཏུ་གཏམ་བཤད། ཚང་མས་གཏམ་བཤད་སྐབས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གདེང་འཇོག་མཐོན་པོ་བྱས། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ་ཉན་པ་དང་། ཚང་མ་དང་བརྗེ་རེས་བྱས་ལ། ཚང་མས་བཏོན་པའི་གྲོས་གཞི་ཡིས་གཞི་རིམ་གྱི་འདོད་བློ་མཚོན་པ་དང་། མང་ཚོགས་ཀྱི་རེ་སྒུག་བརྒྱུད་སྒྲོག་བྱས་ཤིང་། སྲིད་གཞུང་བྱ་བའི་སྙན་ཞུ་འཐུས་ཚང་དུ་གཏོང་བ་དང་སྲིད་གཞུང་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རོགས་རམ་ཆེན་པོ་ཡོད་ལ། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་ནན་མོ་བྱས་པ་དང་བསྡུ་ལེན་གང་ལེགས་བྱས་ཏེ། བྱ་བ་རེ་རེ་བཞིན་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་བྱ་བ་རེ་རེར་ལན་འདེབས་པར་ཁག་ཐེག་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འདས་པའི་ལོ་ལྔ་དང2022ལོ་ནི། མཚོ་སྔོན་གྱི་འཕེལ་རྒྱས་རྒྱུད་རིམ་ཆེས་སྤྱིར་བཏང་མིན་པ་དང་ཆེས་དཀྱུས་མ་མིན་པའི་ལོ་ཡིན་ལ། མཆོང་བརྒལ་རང་བཞིན་གྱི་ཡར་ཐོན་དང་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས། གྲུབ་འབྲས་དེ་དག་ལེན་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་ཁྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་བཅས་ལ་ཐུག་ཡོད། ང་ཚོས་གཏན་ཕབ་གཉིས་་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། བསམ་ཕྱོགས་དམིགས་འབེན་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་སེམས་ཤུགས་གཅིག་ཏུ་བསྒྲིལ་བ། ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་སྔོན་ཐོན་བརྩོན་ལེན་བྱེད་པ། བྱ་བའི་རེ་བ་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་ཁག་ཁུར་འབད་འཐབ་བྱས་ནས། དུས་རབས་གསར་བའི་སྐྱོད་ལམ་གསར་བ་རུ་སྣང་བརྙན་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། མཚོ་ཤར་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་བཏོན། ཁོས་བཤད་རྒྱུར། མཚོ་ཤར་གྱིས་ཞིང་ཆེན་ཡོངས་ཀྱི་ཁུལ་ཁོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲིད་གོ་གནས་ཧ་ཅང་གལ་ཆེན་ཟིན་པ་དང་། འགོ་ཚུགས་ས་གསར་བའི་སྟེང་། མཚོ་ཤར་གྱིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། ཐོན་ལས་དང་པོ་ལེགས་འཕེལ་བྱེད་པ་དང་ཐོན་ལས་གཉིས་པ་གོང་འཕེལ་གཏོང་བ། ཐོན་ལས་གསུམ་པ་གསོན་ཤུགས་ལྡན་པར་བྱེད་པ། སྟེགས་བུ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པ། སྒོ་འབྱེད་བཟང་བོ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱུན་མ་ཆད་པར་རྒྱ་སྐྱེད་དགོས། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་ཐད་ནས་མཆོང་བརྒལ་ཆེན་པོ་བྱེད་པ་དང་། ཟི་ལིང་དང་མཚོ་ཤར་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནམ་མཁའ་དང་ཆུ་བོ། དག་ཞིང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་དགོས། དམངས་ཚིས་བདེ་སྐྱིད་ལེགས་བསྒྱུར་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ། ལས་ཞུགས་གཙོར་འཛིན་གྱི་སྲིད་ཇུས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གཅིག་འདོམས་བྱས་ཏེ། དམངས་ཚིས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས།

ཝུའུ་ལ་ཙི་པེ་ཁི.རིག་སུའུ་ལིས་ཧྭན་དང་པད་ཁོ། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲ་ཆིན་ཅིག་བཅས་གྲོས་ཞིབ་ལ་ཞུགས།