ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ཚན་ཆུང་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།
2023.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 97

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས། ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་་ཚོགས་རིང་ལུགས་དགོངས་པས་ཡོངས་སུ་ཁྱབ་ཅིང་། གྲུབ་འབྲས་སྤྱི་སྡོམ་བྱས་པ་དོན་དངོས་དང་མཐུན་ལ། གནས་བབ་དབྱེ་ཞིབ་བྱས་པ་གཏིང་ཟབ་ལ་ཕྱོགས་ཡོངས་སུ་ཁེབས་པ་དང་། དམིགས་འབེན་གཏན་འབེབས་བྱས་པ་མིག་རྒྱང་རིང་ཞིང་དོན་དངོས་དང་མཐུན་ལ། བྱ་བར་བཀོད་སྒྲིག་བྱས་པ་གནད་ཁེལ་ནུས་ལྡན་ཡིན་པར་མ་ཟད། དར་ཆ་མཐོན་པོར་སྒྲེང་བ་དང་བདེན་འཚོལ་དངོས་གཉེར། མི་ལ་སྐུལ་མ་ཐེབས་པ། སྟོབས་ཤུགས་གཅིག་སྡུད་བྱེད་པའི་སྙན་ཞུ་བཟང་པོ་ཞིག་རེད། སྙན་ཞུ་ལས་རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་བསམ་ཕྱོགས་དང་ད་ལོའི་ལས་འགན་གཙོ་བོ་གསལ་བོར་བཏོན་པ་མཚོ་སྔོན་གྱི་འཕེལ་རྒྱས་དངོས་དང་མཐུན་པས། ཡོངས་སུ་འཐད་པ་ཡིན་ལ་དེར་གོང་བཀུར་བྱེད་ངེས་ཡིན།

ཚན་ཆུང་སོ་སོའི་གྲོས་སྡུར་ཡུལ་དངོས་སུ་ཨུ་ཡོན་རྣམས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་ལ། སྙན་ཞུ་ལས་བཏོན་པའི་འཕེལ་རྒྱས་དམིགས་འབེན་གྱི་ཐབས་ཇུས་དང་དམ་པོར་སྦྲེལ་ཡོད་པས་ཡུལ་དངོས་སུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད། ཚང་མས་གཅིག་གྱུར་གྱིས་བལྟས་ན། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་པ། འཕེལ་རྒྱས་ཀྱི་སྤུས་ཚད་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་ཕྱིན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ། ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་བྱ་བ་བརྟན་པོར་སྤེལ་བ། བཅོས་སྒྱུར་གསར་གཏོད་ཀྱི་གསོན་ཤུགས་རབ་ཏུ་རྒྱས་ཤིང་། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་ཇེ་རྒྱས་སུ་སོང་ཡོད་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་སོང་བ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དུས་ལྟར་མངོན་འགྱུར་བྱས་ནས། བརྗིད་ཉམས་ལྡན་པར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་སྐྱོད་ལམ་གསར་པའི་ཕྱོགས་སུ་གོམ་པ་སྤོས་ཡོད།

མ་འོངས་པའི་ལོ་ལྔ་ནི། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་དང་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། ཨུ་ཡོན་རྣམས་ཀྱིས་བལྟས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ངེས་གནས་དང་། གཞུང་ལུགས་ངེས་གནས། དུས་རབས་ཀྱི་ངེས་གནས་བཅས་རང་འགུལ་གྱིས་ཇེ་མཐོར་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱེད་དགོས། སྲིང་གཞུང་གི་བྱ་བའི་སྙན་ཞུ་ལས་བཏོན་པའི་བཀོད་སྒྲིག་དང་དམ་པོར་སྦྲེལ་ཏེ། དམིགས་འབེན་ལས་འགན་གསལ་བོར་རྟོགས་པ་དང་། ཨུ་ཡོན་གྱི་འགན་འཁྲི་དང་དུ་ལེན་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལེགས་པོར་སྒྲུབ་པ། སྔར་ལས་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། སྲིད་ཞུགས་སྲིད་གླེང་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་རིགས་སྟོབས་གཅིག་སྡུད་བྱེད་དགོས་པར་འདོད།

                                                                              རིག་འཛིན་སྒྲོལ་མས་བསྒྱུར།