ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།  
2023.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།   གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་གསུམ་ཡོད་པ་དང་།  མི་ང་གསུམ་གྲོས་ཚོགས་ལ་ཞུགས་པས།  ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་ཁྲིན་རུའེ་ཧྥིན།   ཝང་དབྱང་།  ཀྲའོ་ཡུའེ་ཞ།  ཝང་ལིན་ཧུའུ།   ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧན།  ཀྲུའུ་ཞང་ཧྥིན།   དབྱི་ཧྲུའུ་ཆང་།  ཉི་མ་སྒྲོལ་མ།   ལིའུ་ཐུང་ཏི།  ཀྲང་ཧོང་ཡོན།   དེ་མིན་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།  གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བཅུ་གཉིས་ཡོད་དེ།

གཅིག   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།  དྲུང་ཡིག་ཆེན་མོ།  ཨུ་ཡོན་བཅས་དང་།  ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་དང་ཧྲིན་ཀྲང་གཞོན་པ།  ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།   ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།  ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ།   མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མིའི་འདེམ་སྒུག་པ་དང་ཞིང་ཆེན་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མིའི་འོས་མིའི་གནས་ཚུལ་གྱི་གསལ་བཤད་བཅས་ལ་ཉན་པ།

གཉིས།  ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།  དྲུང་ཡིག་ཆེན་མོ།  ཨུ་ཡོན་བཅས་ཀྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

གསུམ།   ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་དང་ཧྲིན་ཀྲང་གཞོན་པའི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བཞི།   ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།  ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་ཀྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

ལྔ།   མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མིའི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

དྲུག   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ།  ཨུ་ཡོན་བཅས་ཀྱི་འོས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བདུན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བརྒྱད།   ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

དགུ།  སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བཅུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བཅུ་གཅིག    ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མིའི་འོས་མིར་གྲོས་འཆམ་འབྱུང་བའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བཅུ་གཉིས།   འཐུས་མིས་མཉམ་འབྲེལ་གྱིས་འདེམ་སྒུག་པའི་མིང་འདོན་མཚམས་འཇོག་པའི་དུས་ཚོད་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

གྲོས་ཚོགས་སྟེང་རིམ་པ་བཞིན་གོང་གི་གྲོས་རིམ་བཅུ་གཉིས་ལ་གྲོས་འཆམ་བྱུང་།

                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།