མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཁྲིན་ཀང་གིས་བསྟན་དོན། རིགས་ཁ་བའི་འགོས་ནད་ལ་རིམ་པ་ཁ་བའི་དོ་དམ་བྱེད་ཐབས་སྤྱད་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་ཧ་ལམ་བརྟན་བརླིང་ངང་འགོས་མཆེད་ཆེ་བའི་དུས་སྐབས་བརྒལ། རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། མིག་སྔའི་གཙོ་གནད་བྱ་བ་དམ་འཛིན་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་དགུན་དཔྱིད་དུས་ཀྱི་རིམས་འགོག་བྱ་བ་བཟང་བོར་སྒྲུབ་དགོས། མིའི་འགྲོ་འོང་གི་སྣེ་ཁྲིད་དང་ཞབས་ཞུ་ལ་ཤུགས་སྣོན་པ་དང་། མི་ཚོགས་འགོས་མཆེད་ཀྱི་འགྱུར་ལྡོག་གནས་བབ་ལ་རྒྱུས་ལོན་བྱེད་པ། འབྱུང་སྲིད་པའི་ཉེན་ཁར་སྔོན་དཔག་བརྡར་གཅོད་བྱེད་པ་མ་ཟད་འོས་འཚམ་གྱི་བྱེད་ཐབས་སྤྱོད་པ། ལུགས་རྙིང་ལོ་སར་སྐབས་ཀྱི་མང་ཚོགས་རིག་གནས་བྱ་འགུལ་ལ་བཀོད་སྒྲིག་ལུགས་དང་མཐུན་པ་བྱས་ཏེ། མི་སྣའི་གཞི་ཁྱོན་ཆེ་བའི་འདུ་རུབ་མི་འབྱུང་བར་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་ལོ་ལོན་དང་བྱིས་པ་སོགས་གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་སྲོག་སྐྱོབ་བྱ་བར་འགན་སྲུང་བྱེད་པ། ས་བབ་མཐོ་བའི་ས་ཁུལ་དང་དགུན་དཔྱིད་དུས་ཀྱི་དབུགས་ལམ་ནད་རིགས་འབྱུང་ཉེན་ཆེ་བ་སོགས་ཀྱི་གནས་ཚུལ་དངོས་ལ་ཁ་གཏད་འཇལ་བ། བྲེལ་མྱུར་གནས་ཚུལ་གྱི་མྱུར་སྐྱོབ་དང་སྨན་བཅོས་ཚན་ཁག་བརྗེ་བའི་ལམ་བུའི་བཀག་རྐྱེན་མེད་པར་བྱེད་པ། དུས་ཐོག་ཏུ་ནད་པ་རྙེད་པ་དང་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་པ། ཁ་གཏད་རོགས་སྐྱོར་ཐད་ཀྱི་ཆེད་མཁས་པའི་ནུས་པ་འདོན་སྤེལ་བྱས་ནས། སྲོག་སྐྱོབ་སྨན་བཅོས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཞིང་སྡེ་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པའི་འགན་འཁྲི་མ་ལག་འཛུགས་པ། འགོག་སྡོམ་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཞན་པའི་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་བཀོད་གཏོང་ཐད་ཤུགས་བསྣན་ནས། སྨན་བཅོས་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ནད་ལྕི་མོ་བྱུང་བའི་ནད་པར་སྨན་བཅོས་བཟང་བོ་བྱེད་དགོས། ནད་བསྟུན་སྨན་རྫས་དང་རིམས་འགོག་དངོས་ཟོག་གི་མཁོ་འདོན་ལ་མུ་མཐུད་དུ་འགན་སྲུང་བྱེད་པ་དང་། མཁོ་འདོན་སྦྲེལ་མཐུད་ལ་ཤུགས་སྣོན་པ། གནད་ལ་འཁེལ་བ་དང་དུས་ཐོག་ཏུ་བཀོད་སྒྲིག་བྱེད་པ། དགོས་མཁོ་ལྟར་ཉོ་སྒྲུབ་བྱེད་པ་དང་འབེལ་བོ་ཡོད་པར་བྱེད་པ། ཀྲུང་ནུབ་གསོ་རིག་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་ནད་སྟོན་སྨན་བཀོལ་དགོས་མཁོ་སྐོང་དགོས། ལས་རེས་ལས་སྲུང་ལ་ཤུགས་སྣོན་པ་དང་། བསམ་པའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ། མི་སྣས་ལས་རྐང་བརྟན་སྲུང་བྱེད་པ་དང་ཆ་འཕྲིན་གེགས་མེད་ཡིན་པ། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་སྟོབས་ཤུགས་ཆེ་བར་ཁག་ཐེག་བྱས་ནས། རྒན་གསོ་ཁང་སོགས་གཙོ་གནད་ཡུལ་གནས་ཀྱི་དོ་དམ་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དགོས། དུས་ཆེན་སྐབས་ཀྱི་མཁོ་འདོན་འགན་སྲུང་དང་ལོ་གཅིག་གི་བྱ་བ་མགོ་བཟང་བོ་རྩོམ་རྒྱུ་དམ་འཛིན་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལུགས་རྙིང་ལོ་གསར་སྐབས་ཀྱི་ཆུ་གློག་སྣུམ་སྐྱེལ་སོགས་ལས་རིགས་གཙོ་བོའི་ལས་རྐང་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་འགན་སྲུང་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་ཇེ་བཟང་དུ་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

ཁྲིན་ཀང་གིས་རིམས་ནད་འགོག་སྡོམ་གྱི་རྩ་འཛུགས་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། འགོག་སྡོམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མ་ལག་འགན་སྲུང་ཇེ་དྲག་ཏུ་གཏོང་བ། དུས་ཐོག་ཏུ་མཐུན་སྦྱོར་བྱས་ནས་གནད་དོན་ཆེན་པོ་ཐག་གཅོད་པ། གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། རིམས་ནད་འགོག་སྡོམ་གྱི་བཀོད་འདོམ་མ་ལག་ཕན་ནུས་ལྡན་པའི་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ། མི་དམངས་མང་ཚོགས་ཀྱིས་བདེ་ཐང་དང་བདེ་འཇགས་ངང་དུས་ཆེན་ལ་རོལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རིམ་གསར་བའི་རིམས་ནད་འགོག་སྡོམ་བྱ་བར་སྐུལ་འདེད་བཏང་སྟེ། ངོས་འཛིན་སྔར་ལས་ཇེ་མཐོར་གཏོང་བ་དང་ལས་འགན་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ། འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ། བྱ་བ་སྔར་ལས་ལག་བསྟར་ནན་མོ་བྱེད་དགོས། ནད་ལྕི་མོ་འགོག་པའི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འགག་སྒོ་སྔོན་སྣུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་དབྱེ་འབྱེད་བྱེད་པ། སྔ་མོ་ནས་ཐེ་གཏོགས་བྱེད་པ། ཧུར་ཐག་གིས་ནད་ཡང་མོ་ནད་ལྕི་མོར་འགྱུར་བར་བཀག་འགོག་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་དྲག་སྐྱེད་བྱེད་ཚད་མཐོར་འདེགས་སུ་གཏོང་བ་དང་ནད་ཇེ་ལྕི་རུ་འགྲོ་ཚད་དང་རྐྱེན་ལམ་དུ་ཤོར་ཚད་ཇེ་དམའ་རུ་གཏོང་དགོས། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་ཐད་ཀྱི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལས་བྱེད་པ་དང་སྨན་བཅོས་སྟོབས་ཤུགས། སྨན་རྫས་གཞི་རིམ་དུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་རྗེས་འདེད་དང་སྨན་བཅོས་འགན་སྲུང་བཟང་བོར་བསྒྲུབ་དགོས། ལུགས་རྙིང་ལོ་སར་སྐབས་ཀྱི་རིམས་ནད་འགོག་སྡོམ་གྱི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་ཆེན་སྐབས་ཀྱི་སྨན་བཅོས་ལས་ཁུངས་དང་སྨན་རྫས་ཚོང་ཁང་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་འགན་སྲུང་བྱས་ནས། རིམས་ནད་འགོག་སྡོམ་འཕྲལ་བསྟུན་བཀོད་འདོམས་མ་ལག་ལ་ཤུགས་ལྡན་པ་དང་ཕན་པ་ལྡན་པ། རྒྱུན་བསྲིང་ཆོག་པར་འགན་སྲུང་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ཐད་ཀྱི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་ཚིགས་དང་པོར་གྲ་སྒྲིག་བཟང་བོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཐད་ནས་མགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཁྲིན་རུའེ་ཧྥིན་དང་ཝང་ཝེ་ཏུང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ཁོང་ཡུང་། ལིས་ཧོང་ཡ། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།