ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའོ་ཞང་། དེ་མིན་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་ཚན་ཆུང་སོ་སོའི་གྲོས་བསྡུར་གནས་ཚུལ་གྱི་སྙན་ཞུར་ཉན། སྲིད་གྲོས་ཨུ་ཡོན་རྣམ་པས་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་འཆར་ཟིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་བསྡུར་དང་གྲོས་ཞིབ་གང་ལེགས་བྱས། ཐེངས་འདིའི་གྲོས་ཚོགས་སྐབས་སུ། ཚན་ཆུང་སོ་སོས་མི་སྣ་བསྡུས་ནས་འགན་ཁུར་བ་དང་ཁག་ཁུར་ཡོད་པའི་སྒོ་ནས། མི་སྣ་བསྡུ་བའི་རྩ་འཛུགས་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཆབ་སྲིད་སྒྲིག་ལམ་དང་གྲོས་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་པར་མ་ཟད། ཚན་ཆུ་སོ་སོའི་ཨུ་ཡོན་དང་ཟུར་ཞུགས་མི་སྣ་དག་ནན་ཏན་གྱིས་གྲོས་ཚོགས་ཀྱི་བྱ་འགུལ་སོ་སོར་ཞུགས་པ་དང་བརྗོད་སྙིང་ལ་དམིགས་ནས་ལང་ལོང་སྒོས་གཏམ་བཤད་སྤེལ་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་པ་དང་། མཐུན་སྒྲིལ་དམངས་གཙོ་དང་སེམས་ཤུགས་གཅིག་སྒྲིལ། གསར་འབྱེད་འབད་འཐབ་བཅས་ཀྱི་སྣང་ཚུལ་བཟང་བོ་ཞིག་ཆགས་པར་སྣེ་ཁྲིད་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།
省政协十三届一次会议主席团常务主席第三次会议举行
青海新闻网·大美青海客户端讯 1月17日上午,省政协十三届一次会议主席团常务主席第三次会议举行。大会主席团常务主席、主席团会议主持人公保扎西主持会议。
大会主席团常务主席仁青安杰、匡湧、王绚、王振昌、张晓容、马丰胜、李晓南、田奎、刘大业、赛赤·确吉洛智嘉措、马跃祥及主席团成员出席会议。
会议听取了各小组讨论情况汇报。指出,各位政协委员对“两院”工作报告和省政协十三届一次会议政治决议(草案)、省政协十三届一次会议关于常务委员会工作报告的决议(草案)进行了热烈讨论和充分审议。本次会议期间,各小组召集人高度负责、主动担当,充分发挥召集人的组织引导和示范带头作用,严格遵守政治纪律和会议纪律,引导各组委员和列席人员认真参加会议各项活动,围绕主题踊跃发言,为青海经济社会发展积极建言献策,营造出了团结民主、凝心聚力、开拓奋进的良好氛围。