ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་དམིགས་ཏེ། ནེ་པ་ལའི་ཙུང་ཐུང་པན་ཏ་ལིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་ནེ་པ་ལ་རུ་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་ཐེབས་པ་ཤེས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་སྡུག་ཆེན་པོས་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་བྱས་པ་ཡིན་ཞེས་གསུངས།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏར་གློག་འཕྲིན་བཏང་ནས་འཚམས་འདྲི་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།