ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་ཚབ་ཚོགས་པས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
2023.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་ཚབ་ཚོགས་པས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་རྣམས་ཀྱིས་སྔ་རྗེས་སུ་གཏམ་བཤད་དེ། རང་རང་གི་ལྟ་ཚུལ་བརྗོད་པ་དང་མྱོང་ཚོར་གླེང་ཞིང་གྲོས་གཞི་བཏོན།

འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། སྙན་ཞུ་དེ་དངོས་ཡོད་ཀྱི་དོན་དངོས་དང་མཐུན་ཞིང་ཕྱོགས་ཡོངས་དང་གོ་རིམ་ལྡན་པ་དང་། ནང་དོན་ཕུན་སུམ་ཚོགས་པ་ལྡན་པས། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐྱེ་ལྡན་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད་པ་དང་། རྣམ་དག་ཁག་ཁུར་དང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། དངོས་གཉེར་དམངས་བསམ་གྱི་སྙན་ཞུ་བཟང་བོ་ཞིག་རེད། ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དཀྱིལ་སྙིང་ལ་དམིགས་ཤིང་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱས་པ་དང་། ཁག་ཁུར་དང་ལེན་བྱས་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་པར་སྙམ།

འཐུས་མི་རྣམས་ཀྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྟོབས་ལྡན་མགོ་ཁྲིད་འོག ཞིང་ཆེན་ཏང་ཨུ་ཡིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པར་དམིགས་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་ཟུང་འབྲེལ་བྱེད་ས་དང་ཤུགས་འདོན་ས། བརྒལ་གཏོར་བྱེད་ས་འཚོལ་ཞིབ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཏན་ཏིག་སྒོས་བྱ་བ་སྒྲུབ་པ། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ། ཁག་ཁུར་དང་ལེན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།