མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2023.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་སྐུལ་འདེད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པའི་བརྗོད་གཞིའི་ཐད་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚའོ་ཧེ་ལིན་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིས་ཡུས་ལིན།  ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀུའུ་ཞོ་ཧིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཏུང་ཆོན་མེན།   དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུའུ་ཁྲུན་ཡུན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཆི་ཡུང་ཧུང་བཅས་ཀྱིས་རེ་རེ་བཞིན་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནི་མི་དམངས་སྲིད་གྲོས་ཀྱི་ཁོངས་ཞུགས་ལུས་ཁུངས་ཡིན་པའི་ངོས་ནས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཤིང་། ནན་ཏན་སྒོས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འོས་འགན་ལག་བསྟར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པའི་བྱེད་ཐབས་དང་ཕན་འབྲས་ངོ་སྤྲོད་བྱས། 

དུས་ནམ་ཡིན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་གོ་རིམ་ལྡན་པར་སྲིད་ཞུགས་སྲིད་གླེང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་ལས་ལྷག་པའི་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ་ས་གནས་དོ་དམ་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་བཏོན།

གསར་འགྱུར་སྒྲོག་སྤེལ་ཚོགས་འརདུ་མཚོ་སྔོན་ཞིང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཡན་གྱིས་མགོ་འཛིན་བྱས་པ་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་ཟི་ལིང་གི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཚོགས་འདུར་ཞུགས།

རིག་འཛིན་ཐར་གྱིས་བསྒྱུར།