ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་ཁྲིན་རོས་ཧྥིན། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ཝང་ལིས་མེན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད་དེ།
གཅིག ཚོགས་ཆེན་གྱི་གྲོས་གཞི་ཞིབ་བཤེར་ཚན་ཁག་གི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ།
གཉིས། ཞིང་ཆེན་མི་དམངས་སྲིད་གཞུང་དང་། འཆར་གཞི། སྔོན་རྩིས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུའི་བཟོ་བཅོས་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ།
གསུམ། ཞིང་ཆེན་མི་དམངས་སྲིད་གཞུང་དང་། འཆར་གཞི། སྔོན་རྩིས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་འདོན་རྒྱུ་མ་ཟད་དེར་གྲོས་སྡུར་བྱེད་པ་བཅས་རེད།