ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་གསུམ་ཡོད་པ་དང་། མི་དྲུག་ཅུ་ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་། ཁྲིན་རོས་ཧྥིན། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ཝང་ལིས་མེན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན་བཅས་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་གྲོས་ཚོགས་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བཅུ་གཅིག་ཡོད་དེ།
གཅིག འཐུས་ཚབ་ཚོགས་པ་སོ་སོས་འདེམ་སྒུག་པ་དང་འོས་མི། འཐུས་མི་བཅས་ལ་གྲོས་མོལ་བྱས་པ་དང་མཉམ་འབྲེལ་སྒོས་འདེམ་སྒུག་པའི་མིང་བཏོན་པའི་གནས་ཚུལ་ཡར་ཞུ་བྱེད་པ།
གཉིས། འཐུས་མིས་མཉམ་འབྲེལ་སྒོས་འདེམ་སྒུག་པའི་མིང་བཏོན་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
གསུམ། སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
བཞི། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་འཆར་གཞིའི་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུ་ལ་ཉན་པར་མ་ཟད་གྲོས་འཆམ་འབྱུང་བ།
ལྔ། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་འཆར་གཞིའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
དྲུག ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་སྔོན་རྩིས་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པར་མ་ཟད་གྲོས་འཆམ་འབྱུང་བ།
བདུན། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་སྔོན་རྩིས་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
བརྒྱད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
དགུ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
བཅུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
བཅུ་གཅིག འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་གྱི་སྙན་ཞུ་ལ་གྲོས་འཆམ་འབྱུང་བ་བཅས་རེད།
གྲོས་ཚོགས་སྟེང་གོང་གི་གྲོས་རིམ་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།