ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ།
2023.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 86

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།


ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝུའུ་ཞའོ་ཅུན་དང་པད་མ། ཁྲིན་རོས་ཧྥིན། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་བཅས་གྲོས་ཚོགས་ལ་ཞུགས་པར་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་མཇུག་སྒྲིལ་ཚོགས་ཆེན་ལ་ཨུ་ཡོན་སུམ་བརྒྱ་དང་སོ་བདུན་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

མགོན་པོ་བཀྲ་ཤིས་ཀྱིས་མཇུག་སྒྲིལ་ཚོགས་ཆེན་ལ་མགོ་འཛིན་བྱས།

ཚོགས་ཆེན་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།

ཁྲིན་ཀང་གིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ། གསར་དུ་བདམས་པའི་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རྒྱུན་ལས་ཨུ་ཡོན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ལས་གནས་ལས་བབས་པའི་བློ་མཐུན་རྒན་པ་དང་སྲིད་གྲོས་ཨུ་ཡོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་བླ་མེད་གུས་འདུད་ཞུས་པ་དང་བཀའ་དྲིན་ཆེ་ཞུས།

ཁྲིན་ཀང་གི་བསྟན་དོན། འདས་པའི་ལོ་ལྔའི་ནང་། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས་དཀྱིལ་སྙིང་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ལ་ཕན་འབྲས་ལྡན་པའི་བྱ་བ་གང་མང་བསྒྲུབས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། མ་འོངས་པའི་ལོ་ལྔ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པར་མགོ་ཚུགས་པའི་གནད་འགག་དུས་སྐབས་ཡིན་པ་དང་། བབ་བསྟུན་མདུན་སྐྱོད་དང་བྱ་བ་བཟང་བོར་སྒྲུབ་པའི་ལོ་ལྔ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ལག་བསྟར་བྱེད་པའི་བསམ་ཕྱོགས་དང་བྱ་བའི་གནད་ས་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྟེང་གཅིག་སྡུད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བཏོན་པའི་རྔམ་བརྗིད་ཇུས་གཞི་དངོས་འབེབས་བྱེད་པ་དང་གཅིག་སྡུད་བྱེད་དགོས་ལ། ཏང་གི་མགོ་ཁྲིད་ཀྱི་ཆེས་མཐོའི་ཆབ་སྲིད་རྩ་དོན་རྒྱུན་འཁྱོངས་བྱེད་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བ་དེ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོ་ནས་ལག་བསྟར་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་ལྟ་ཚུལ་དང་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།

ཁྲིན་ཀང་གིས་བསྟན་དོན། དར་ཆ་མཐོན་པོར་སྒྲེང་ནས་སྐྱོད་ལམ་གསར་བར་འབད་བས་བསྐྱོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དེ་སྲིད་གྲོས་བྱ་བར་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩིས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བསམ་བློའི་ཐད་ནས་བློ་སེམས་གཅིག་མཐུན་བྱེད་པ་དང་། དམིགས་འབེན་ཐད་ནས་སེམས་ཕྱོགས་གཅིག་མཐུན་བྱེད་པ། འགུལ་སྐྱོད་ཐད་ནས་བསམ་སྦྱོར་གཅིག་མཐུན་བྱེད་དགོས་པར་མ་ཟད། ཀྲུང་དབྱང་གི་འབོད་སྐད་ཡོད་པ་དང་ཞིང་ཆེན་ཏང་ཨུ་ལ་བཀོད་སྒྲིག་ཡོད་པ། སྲིད་གྲོས་ལ་འགུལ་སྐྱོད་ཡོད་པ་ཞིག་བྱེད་དགོས། ལག་རྡང་སྦྲེལ་ཏེ་མཉམ་དུ་འགན་འཁྲི་གསར་བ་ཁག་ཁུར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཧུར་ཐག་དང་རང་འགུལ་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་གནས་གཞིའི་ཐོན་ལས་འཛུགས་སྐྲུན་བྱེད་པ། དམངས་ཚིས་ལེགས་བཅོས་ནུས་པ་ཇེ་ཆེར་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་སོགས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་དངོས་གཉེར་ཇུས་གཞི་གང་མང་བཏོན་ནས། སྲིད་གྲོས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ཀྱིས་སྤྱོད་ཚུལ་གསར་བ་མངོན་པར་བྱེད་དགོས། ནུས་ལྡན་སྒོས་ལམ་ལུགས་ཁྱད་སྟོབས་བཀོལ་སྤྱོད་བྱས་ཏེ་ཆེས་ཆེ་བའི་སྤྱིའི་མཐུན་ཆ་འཚོལ་བ་དང་ཆེས་ཆེ་བའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རྒྱ་བསྐྱེད་པ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། དཀའ་གནད་སེལ་བ་དང་སྤྲོ་སྣང་འཕེལ་བའི་བྱ་བ་གང་མང་སྒྲུབ་དགོས་ཤིང་། འགལ་བ་ཞི་འཇགས་སུ་གཏོང་བ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་བྱ་བ་གང་མང་སྒྲུབ་དགོས་པར་མ་ཟད། མཐོ་སྒང་གི་རིགས་སོ་སོའི་བུ་དང་བུ་མོའི་བློ་གྲོས་དང་སྟོབས་ཤུགས་དེ་བསྐྱར་དར་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་གཅིག་སྡུད་བྱེད་པ་དང་། རྡོག་རྩ་གཅིག་སྒྲིལ་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས།

ཁྲིན་ཀྲང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་རྩ་དོན་ལྟར། མི་དམངས་སྲིད་གྲོས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་ལྟར་རང་རྐྱ་འཕེར་བར་འགན་འཁུར་བ་དང་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། རང་རྟོགས་སྒོས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དེ་ལས་རིམ་གལ་ཆེན་གྱི་ཇུས་ཆོད་གོ་རིམ་དུ་བཞག་སྟེ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་དགོས། དམིགས་ཡུལ་ཡོད་པའི་སྒོ་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སྲིད་གྲོས་ལ་རྒྱུས་ལོན་ཡོད་པ་དང་གླེང་མོལ་བྱེད་ཤེས་པ། སྲིད་གླེང་ལ་མཁས་པ། སྒྲིག་ལམ་སྲུང་བ། སྒྲིག་སྲོལ་བརྩི་བ།  སྤྱོད་ཚུལ་ལེགས་པ་བཅས་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ་སྐབས་བསྟན་དོན། འདས་པའི་ལོ་ལྔའི་ནང་། སྲིད་གྲོས་ཀྱི་བྱ་བ་སོ་སོར་གྲུབ་འབྲས་གསར་བ་བླངས་པ་དང་རྣམ་པ་གསར་བ་མངོན་ཡོད། དེར་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་ཀྱི་རྔུལ་ཆུ་བཏོན་ནས། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཀྱིས་ལག་བསྟར་གང་ལེགས་བྱེད་པར་བྱ་བའི་རྨང་གཞི་བརྟན་པོ་བཏིངས་ཡོད། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་གཙོ་བོར་དམིགས་ནས་འགན་འཁྲི་ལག་བསྟར་བྱས་ཏེ། དོན་དངོས་ཀྱི་འགུལ་སྐྱོད་ལག་ལེན་ལས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་ལག་བསྟར་བྱས་ནས། ཏང་དང་མི་དམངས་ལ་ཡིད་ཚིམས་པའི་རྒྱུགས་གཞི་ཞིག་སྤྲོད་དགོས་ཟེར། 

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ལས་འགན་ལག་བསྟར་བྱེད་པའི་ཐོག་མཐའ་བར་གསུམ་དུ་མངོན་པར་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ལངས་གནས་མཐོན་པོ་ནས་མི་དམངས་སྲིད་གྲོས་ཀྱིས་དངོས་འབེབས་བྱེད་པ་དང་གཅིག་བསྡུས་བྱེད་པའི་ཆབ་སྲིད་འགན་འཁྲི་ཁུར་དུ་ལེན་པར་སྟབས་བདེ་བཟོ་དགོས། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དེ་ལས་འགན་ལག་བསྟར་བྱེད་པའི་ཐོག་མཐའ་བར་གསུམ་དུ་མངོན་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་བློ་སྤོབས་ཆེན་པོས་སྐྱོད་ལམ་གསར་བའི་སྟེང་འབད་པས་མདུན་སྐྱོད་དང་དུས་རབས་གསར་བར་བྱས་རྗེས་འཇོག་དགོས། མཐུན་སྒྲིལ་རྒྱ་ཆེར་ཇེ་ཟབ་ཏུ་གཏོང་བ་དེ་འགན་འཁྲི་ལག་བསྟར་གྱི་ཐོག་མཐའ་བར་གསུམ་དུ་མངོན་པར་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས། ལས་རིགས་ཁྱད་སྟོབས། ཨུ་ཡོན་ཁྱད་སྟོབས་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གྲོས་མོལ་དམངས་གཙོ་ཇེ་ཟབ་ཏུ་གཏོང་བ་དེ་འགན་འཁྲི་ལག་བསྟར་གྱི་ཐོག་མཐའ་བར་གསུམ་དུ་མངོན་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་ཆེ་ཕྱོགས་ལ་གཙོ་བོར་དམིགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུགས་གཞི་འདོན་པ་དང་སྲིད་གྲོས་ཀྱིས་ལན་འདེབས་པ། བློ་འདོན་ཇུས་འབུལ་བྱེད་པ། རིག་ནུས་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། བྱ་སྤྱོད་ལེགས་བཅོས་བྱེད་པ་དེ་འགན་འཁྲི་ལག་བསྟར་གྱི་ཐོག་མཐའ་བར་གསུམ་དུ་མངོན་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་དམ་འཛིན་ཐད་ཤུགས་སྣོན་པ་དང་། དངོས་གཉེར་ཐད་ནས་ཕན་འབྲས་ཐོན་པར་བྱས་ཏེ། ནན་ནན་ཏིག་ཏིག་གིས་འགན་འཁྲི་ལག་བསྟར་གྱི་གྲུབ་འབྲས་ལས་སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཀྱི་ཁག་ཁུར་གསར་བ་དང་རྣམ་པ་གསར་བ་མངོན་པར་བྱེད་དགོས། 

གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་ཆབ་སྲིད་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཉེ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག མཐུན་སྒྲིལ་གཅིག་གྱུར་དང་དོན་དངོས་དམ་འཛིན། འབད་འབུངས་ཡར་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ད་རུང་ཡུས་ཚོང་ལི་དང་། ཝང་ལིས་མེན། ཉི་མ་སྒྲོལ་མ། ཉུའེ་ཁྲིན་ཡུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དབྱང་ཧྥུན་ཁྲུན། ལིའུ་ཐའོ། ཧི་ལུའུ་ཁྲུན། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག དབྱང་ཁི་ཞང་། དབྱང་ཀྲི་ཆང་སོགས་བསྡད་ཡོད། 

སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་། ཏུའུ་ཅེ། ཀྲང་ལིས། མཱ་ཧེ་དབྱིན། ཏུའུ་ཏི་ཀྲི་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད། 

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ། 


བཀྲ་ཤིས་འབུམ་དང་བསོད་ནམས་ཚེ་རིང་གིས་བསྒྱུར།