ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2023.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས།

ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས། གྲོགས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་གསུམ་ཡོད་ལ། མི་ང་དགུ་གྲོས་ཚོགས་ལ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་། ཁྲིན་རོས་ཧྥིན། ཝང་དབྱང་། ཀྲའོ་ཡོའེ་ཞ། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རི་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ཝང་ལིས་མེན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།

ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་དང་། ཝང་ལིས་མེན་གྱི་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད་དེ།

གཅིག  འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་སོ་སོར་གྲོས་འཆམ་བྱུང་སྟེ་ཚོགས་ཆེན་ལ་འདེམ་བསྐོ་བྱེད་པར་སྤྲོད་རྒྱུ།

གཉིས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་ཨུ་ཡོན་དང་། ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་འདེམ་མིའི་མིང་ཐོའི་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་སྟེ། ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ།

གསུམ། སྙན་ཞུའི་གྲོས་ཆོད་འཆར་ཟིན་སོ་སོར་གྲོས་འཆམ་བྱུང་སྟེ། ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ་བཅས་རེད།

                                                                                        རིག་འཛིན་སྒྲོལ་མས་བསྒྱུར།