ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས། 
2023.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་དང་པོ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་མགོ་ཁྲིད་ཚན་ཆུང་རང་སྟེང་གི་འཛུགས་སྐྲུན་བྱ་བར་སྔར་ལས་ཤུགས་སྣོན་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་ཡི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་ལས་བགོས་ལ་ཞིབ་འཇུག་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ཞིབ་འཇུག་གཏན་འཁེལ་བྱས། 

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་མགོ་ཁྲིད་ཚན་ཁག་ལ་རེ་བ་ཆེན་པོ་བཅངས་ཡོད་ཅིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབས་པ་དང་། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་བྱེད་པ། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་སོགས་གནད་དོན་གལ་ཆེན་ཐད་ནས་རེ་བ་གསར་བ་ཐེངས་མང་བཏོན་པས། ང་ཚོས་འགན་འཁྲི་གཟི་བརྗིད་དུ་བརྩིས་ནས་འགན་ཁུར་ལྗིད་པ་ཤེས་དགོས། མིག་སྔར་ཞིང་ཆེན་སྲིད་གྲོས་ཀྱིས་འཐུས་སྒོ་ཚང་བའི་རྩ་འཛུགས་མ་ལག་དང་བྱ་བའི་ལས་ཁུངས་བཙུགས་ནས། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཀྱིས་ལས་འགན་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་གང་ལེགས་བྱས་ཏེ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་བྱ་བའི་མགོ་ལེགས་པར་རྩོམ་པ་དང་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། ཟོལ་མེད་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་རང་སྟེང་གི་འཛུགས་སྐྲུན་དང་ཁག་ཁུར་བྱ་བར་ཤུགས་སྣོན་དགོས། 

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་ལ་ཤུགས་སྣོན་པ་དང་ལས་འགན་ལག་བསྟར་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གྲོས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་གྲོས་མོལ་སྲིད་གླེང་གི་འཆར་གཞི་གཙོ་བོར་དམིགས་ཏེ། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་དང་ཐུན་མོང་ལྟ་ཚུལ་གཅིག་བསྡུས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཁྱད་སྟོབས་དང་ནུས་པ་མངོན་པར་བྱེད་དགོས། སྤྱོད་གཙང་རང་གཅུན་དང་སྲིད་གྲོས་ཀྱི་སྣང་བརྙན་ལ་སྲུང་སྐྱོབ་བྱས་ཤིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་རྩ་གནད་ཀྱི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་གྱི་བྱེད་ཐབས་འགའི་རེ་བ་དངོས་འབེབས་ནན་མོ་བྱས་ནས། དོན་དངོས་བྱ་སྤྱོད་དང་སྣང་བརྙན་བཟང་བོས་རིགས་སོ་སོ་དང་ལས་རིགས་སོ་སོའི་ཡིད་རྟོན་དང་རྒྱབ་སྐྱོར་ཐོབ་པར་བྱེད་དགོས། 

ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་པད་ཁོ་དང་། རིན་ཆེན་རྣམ་རྒྱལ། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིང་། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའོ་ཞང་བཅས་གྲོས་ཚོགས་ལ་ཞུགས། 


བསོད་ནམས་ཚེ་རིང་གིས་བསྒྱུར།