ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་ཚོས་བློ་མཐུན་རྒན་པ་རྣམས་ལ་འཚམས་འདྲི་ཞུས།
2023.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་ཀྱིས་ཁ་པར་སོགས་ཀྱི་རྣམ་པ་བརྒྱུད་དེ་འཚམས་འདྲི་གནང་བའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ལ་མངགས་བཅོལ་གནང་ནས། ཧུའུ་ཅིན་ཐའོ་དང་ཀྲུའུ་རུང་ཅི། ལིས་རུའེ་ཧོན། ཝུའུ་པང་གོ ཝུན་ཅ་པའོ། ཅ་ཆིན་ལིན། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། སུང་ཕིན། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ལའོ་ཀན། ཧི་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལིས། ཐེན་ཅིས་ཡུན། ཁྲི་ཧའོ་ཐེན། ཝང་ལི་ཆོན། ཝང་ཀྲའོ་གོ ཧོས་ལེང་ཡུས། ལིའུ་ཆིས། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙིན་ཕའེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལིས་ཡོན་ཁྲའོ། མཱ་ཁའེ།  ལའེ་ཅན་གོ ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀའོ་ཅིན་ལུང་། དབྱང་ཅེ་ཁྲི། ཁྲིན་ཆོན་གོ ཀའོ་ཧྲིན་ཁུན། ཝང་ཧན་པིན། ཧི་ཡུང་། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། ཡིའུ་ཆོན། ཝང་པིན་ཆན། ཙོའུ་ཅ་ཧྭ། ཕིན་ཕེ་ཡུན། ཀྲོའུ་ཀོང་ཀྲོ  ལའི་ཐེ་ཡུན། ཞུས་ཅ་ལུའུ། ཅང་ཀྲིན་ཧྭ། ཀུའུ་ཞིའུ་ལེན། རག་བསྡུས། ཧྲིན་ཧྭ་རིན། ལུའུ་ཡུང་ཞང་། ཝུའུ་ཡུན་ཆིས་མུའུ་ཀི། ཧྭ་ཅན་མེན། ཁྲིན་ཀྲི་ལིས། ཀྲིག་ཐའེ་ནུང་། སི་མཱ་དབྱི·ཐེ་ལིས་ཝ་ཨར་ཏིས། ཅང་ཧྲུའུ་ཧྲིན། སང་གོ་ཝེ། ཝང་ཧྲིན་ཅུན། ཁྲིན་ཁྲང་ཀྲི། ཡན་ཅུན་ཆིས། ཀྲང་ཕིན། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝུན། ཐང་ཅ་ཞོན། ལེའང་ཀོང་ལེ། ཏའེ་པིན་གོ ཁྲང་ཝན་ཆོན། ཧན་ཀྲུའུ་པིན། ཅ་ཁྲུན་ཝང་། རིན་ཅན་ཞིན། སུང་ཅན། ཧུའུ་ཆིས་ལིས། ཝང་ཀྲུང་ཡུས། ལིས་ཀོས་ཞན། ཀྲང་ཁི་ཧོས། ཧའོ་ཅན་ཞིའུ། ཞུས་ཁོང་ཏིས། ཀྲང་ཧོའེ་ཞིས། ལིས་མིན། ལེའོ་ཧོས། པའེ་ལིས་ཁྲིན། ཁྲིན་ཁོས་ཡོན། ཨ་པུའུ་ལའེ་ཐིས་ཨ་པུའུ་ཏུའུ་རི་ཞིས་ཐིས། ལིས་ཀྲའོ་ཁྲའོ། ཧོང་མིན་ཧྥུའུ། ཀྲང་མའེ་ཡུན། ཀྲང་རུང་མེན། ཆན་ཡོན་ལུའུ། སུན་ཅ་ཀྲིན། ལིས་ཅིན་ཧྭ། ཀྲིན་ཝན་ཐུང་། ཏིན་ཕུའུ་ཧྥང་། ལིས་ཝུའུ་ཝེ། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན། ཧན་ཆིས་ཏི། ལིན་ཝུན་ཡུས། ལའོ་ཧྥུའུ་ཧི། ལིས་ཧའེ་ཧྥུན། ཁྲིན་ཡོན། ཀྲིག་ཞའོ་ཁྲོན། ཝང་ཅཱ་རོས། ཆིས་ཞུའེ་ཁྲུན། མཱ་ཕའེ་ཧྭ། ལིག་ཞའོ་ཧྥུན། ཝང་ཆན་མེན་སོགས་བློ་མཐུན་རྒན་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། ཁོང་ཚོར་ལུགས་རྙིང་ལོ་སར་སྐྱིད་པོ་ཡོང་བ་དང་བདེ་ཐང་ཚེ་རིང་ཡོང་བའི་སྨོན་འདུན་ཞུས།

བློ་མཐུན་རྒན་པ་ཚོས་ཐུགས་རྗེ་ཆེ་ཞུས་ནས། འདས་ཟིན་པའི་ལོ་ལྔ་དང་དུས་རབས་གསར་པའི་ལོ་བཅུའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་བར་སྙིང་ཐག་པ་ནས་གོང་བཀུར་བྱེད་རྒྱུ་ཡིན་ཟེར། བློ་མཐུན་རྒན་པ་རྣམས་ཀྱིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས།“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་སྔར་ལས་ཇེ་ཆེར་བཏང་སྟེ། ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན། དཔའ་ངར་ཆེར་སྐྱེད་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་ དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་རྒྱུའི་རེ་བ་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།