ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་པ་ལས་གཞན། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། སྲིད་གཞུང་གི་ཏང་ཙུའུ་རང་ངོས་འཛུགས་སྐྲུན་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་བསྣན་ནས། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་གོམ་སྟབས་བརྟན་པོ་དང་ལས་དོན་ཡག་པོ་སྤེལ་ཏེ། སྐབས་གསར་པའི་སྲིད་གཞུང་ཚན་ཁག་གི་རྣམ་པ་གསར་པ་དང་འགན་འཁྲི་གསར་པ། བྱས་རྗེས་གསར་པ་བཅས་མངོན་པར་བྱེད་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་མཐོང་ཆེན་བྱས་ཏེ། “གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་རང་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱེད་པ་དང་ཏན་ཏིག་ངང་དམ་འཛིན་བྱེད་དགོས། འཇོན་ཐང་ཆེ་རུ་བཏང་ནས་སློབ་སྦྱོང་གི་ནུས་པ་དང་འཐབ་ཇུས་ཀྱི་བསམ་གཞིག་ནུས་པ། ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ། ཆེད་ལས་ཅན་གྱི་ནུས་པ། ཉེན་ཁ་འགོག་ཟོན་གྱི་ནུས་པ་བཅས་ཆེ་རུ་བཏང་ནས། སྐྱོད་ལམ་གསར་པའི་སྟེང་དུ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་དམངས་འཚོར་ཕན་པ་འདོགས་རྒྱུ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་རྟོག་ཞིབ་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་དང་སེམས་ཉེ་བའི་གྲོགས་པོ། ལམ་སྣེ་འཁྲིད་མཁན་བཅས་ཡག་པོ་ཞིག་བྱེད་དགོས། གཞུང་དྲང་སྤྱོད་གཙང་གི་མིག་དཔེ་བསྟན་ནས་ཏང་གཤིས་བློ་སྦྱོང་རྒྱུན་ཆད་མེད་པར་བྱེད་པ་དང་། རང་གཅུན་སྤྱི་གཅེས་དང་གྲོན་ཆུང་ལ་བརྟེན་ནས་རང་ཉིད་མཐོར་འདེགས་གཏོང་བ། རང་དཔེ་གཞན་སྟོན་བཅས་བྱེད་དགོས། མཐུན་སྒྲིལ་འབད་འཐབ་དང་བློ་གཅིག་སེམས་གཅིག ལས་བགོས་མཉམ་སྒྲུབ། མཐུན་སྒྲིལ་འབད་འཐབ། ཞུམ་མེད་འབད་འཐབ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཚོགས་ཐོག་ནས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།
ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཝང་ཝེ་ཏུང་དང་། ཏང་ཙུའུ་ཁོངས་མི་ཚེ་རིང་ཐར་དང་ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་། སུའུ་ཆོན་རིན་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།