ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་པས་འཚམས་འདྲིའི་བྱ་འགུལ་སྤེལ། 
2023.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་པས་བློ་མཐུན་རྒན་པ་དང་དཀའ་ཁག་ཡོད་པའི་མང་ཚོགས། སྡེ་སྡོད་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོར་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་བཅས་ཀྱིས་སོ་སོར་བློ་མཐུན་རྒན་པ་སངས་རྒྱས་སྐྱབས་དང་པད་མ། པའོ་དབྱེ་ཀྲི། ཅི་རིན་ཧྥུན་བཅས་ལ་སྐོར་བརྒྱབ་ནས། བློ་མཐུན་རྒན་པ་ཚོའི་ལུས་ཕུང་བདེ་ཐང་དང་འཚོ་བའི་གནས་ཚུལ་ལ་སྙིང་ཉེ་བའི་འཚམས་འདྲི་བྱས་པ་དང་། སྙིང་ཐག་པ་ནས་བློ་མཐུན་རྒན་པ་ཚོ་ལོ་སར་ལ་སྤྲོ་སྐྱིད་དང་བདེ་སྐྱིད། བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། བློ་མཐུན་རྒན་པ་ཚོར་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་དང་ད་ལོའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བ་གཙོ་བོ་མཚམས་སྦྱོར་བྱས་ནས། བློ་མཐུན་རྒན་པ་ཚོའི་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་མ་བསྡུས་གོང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་། ཀྲང་ལིས། མཱ་ཧེ་དབྱིན་བཅས་ཀྱིས་སོ་སོར་འཚམས་འདྲི་དང་ཁ་པར་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་བློ་མཐུན་རྒན་པ་ཚེ་ཅུའུ་ལི་དང་། ཝང་ཞའོ་ཡུང་། ཡའོ་ཧྲི་ཧྲུའུ་བཅས་ལ་འཚམས་འདྲི་བྱས། 

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེ་བའི་རྒྱུ་ནོར་ཡིན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་དེ་བློ་མཐུན་རྒན་པ་ཚོས་དུས་ཡུན་རིང་བོར་འབད་བརྩོན་བྱས་པ་དང་འབྲལ་ཐབས་མེད། བློ་མཐུན་རྒན་པ་ཚོས་བདེ་སྐྱིད་ཀྱི་ཚེ་མཇུག་རོལ་བའི་ཞོར་དུ་མུ་མཐུད་དུ་རང་ནུས་འདོན་སྤེལ་ཏེ། སྔར་བཞིན་དུ་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། ཁོས་འབྲེལ་ཡོད་ལས་བྱེད་མི་སྣར་བཀའ་བསྒོ་བྱས་ཏེ། སེམས་ཞིབ་མོས་ཞབས་ཞུའི་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ནས་བློ་མཐུན་རྒན་པ་ཚོའི་བདེ་སྐྱིད་ཀྱི་ཚེ་མཇུག་ལ་ཆ་རྐྱེན་བཟང་བོ་བསྐྲུན་དགོས་པའི་སྐུལ་མ་བཏང་། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་མགོ་ཁྲིད་དང་གཅིག་གྱུར་འཐབ་ཕྱོགས། གྲོས་མོལ་དམངས་གཙོ་བཅས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམིགས་པ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་དཀའ་སྤྱོད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར། བློ་མཐུན་རྒན་པ་ཚོས་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། མུ་མཐུད་དུ་ཞིང་ཆེན་ཡོངས་དང་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བར་དོ་སྣང་བྱས་ནས་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་ཉིན་དེར། ཝང་ཀྲིན་ཁྲང་དང་ལིའུ་ཏཱ་ཡེ་གཉིས་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་གཏུག་རོགས་སྐྱོར་བྱེད་ས་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ས་ཁུལ་གྱི་ཧོང་ཧྲོས་ཆོན་ཡུལ་ཚོར་སོང་ནས། དཀའ་ཁག་ཆེ་བའི་མང་ཚོགས་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་སྡེ་སྡོད་ལས་བྱེད་པར་འཚམས་འདྲི་བྱས་ཤིང་། སྡེ་སྡོད་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས་པ་དང་། སྡེ་སྡོད་བྱ་བའི་མི་སྣར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་དགོངས་དོན་རགས་བསྡུས་བརྒྱུད་སྒྲོག་བྱས་པར་མ་ཟད། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གནས་ཚུལ་མཚམས་སྦྱོར་བྱས། ཝང་ཀྲིན་ཁྲང་གིས་ཚང་མའི་ལོ་གཅིག་གི་དཀའ་སྤྱད་བྱ་བར་བཀའ་དྲིན་ཞུས་པ་དང་། ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ལས་ཡུལ་དང་པོར་བྱས་རྗེས་འཇོག་པ་དང་། རྩ་འཛུགས་དང་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བའི་སྐུལ་མ་བཏང་། 


བསོད་ནམས་ཚེ་རིང་གིས་བསྒྱུར།