མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ལུགས་རྙིང་ལོ་སར་དུས་ཆེན་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ།
2023.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཁྲིན་རོས་ཧྥུན་དང་ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙེ་པེ་ཁི·རི་སུའུ་ལི་ཧན། པད་ཁོ། ཀྲུའུ་ཞང་ཧྥུན། ཡུས་ཧྲུའུ་ཆང་བཅས་ཀྱིས་སོ་སོར་ཏང་ཕྱིའི་མི་སྣ་དང་ཆེད་མཁས་པ། མཁས་དབང་། ངལ་རྩོལ་དཔེ་ལེགས་ཅན། ཞིང་ཆེན་རིམ་པའི་ལས་ཁུངས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒནཔ། གཞི་རིམ་ལས་བྱེད་པ། སྡེ་བ་དང་སྡེ་ཁུལ་གྱི་རྐང་འཛིན་མི་སྣ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་། འཐབ་ཕྱོགས་དང་པོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་གཞི་རིམ་གྱི་མེ་འགོག་བཀོད་འཐབ་པ། འཚོ་བར་དཀའ་ངལ་ཡོད་པའི་ལས་བཟོ་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་མཚོན་པར་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་རྣམས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པའི་སེམས་སུ་ཚོར་བར་བྱེད་དགོས་ལ། གཞི་རིམ་ལས་བྱེད་པ་དང་སྡེ་བ། སྡེ་ཁུལ་བཅས་ཀྱི་རྐང་འཛིན་པས་མི་དམངས་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་ཤེས་གང་ཐུབ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཀྱི་བསམ་པ། བདེ་འཇགས་ཀྱི་བསམ་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་རེ་བ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།