ཉེ་ལམ། མོ་ཞི་ཁོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཆུ་མོ་ཡོས་ལོའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཏེ། ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་སེང་རྩེད་དང་ཀྲུང་ཧྭའི་དྲག་རྩལ་སོགས་ཀྱི་ལེ་ཚན་ལ་བལྟས་ནས། “དུས་རབས་གསར་པའི་ཀྲུང་གོའི་ཕུལ་བྱུང་གི་ལོ་ངོ་བཅུའི”པར་རིས་འགྲེམས་སྟོན་གྱིས་ཀྱང་ལས་རིགས་ཁག་གི་སྐུ་མགྲོན་ཚོའི་ཡིད་དབང་བཀུགས།
སི་ཕེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་མ་ཏི་ལིས་སྲིད་གཞུང་། མ་ཏི་ལིས་ཀྱི་སྲིད་གཞུང་ཆེ་གྲས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི། “སྤྲོ་སྣང་ལྡན་པའི་ལུགས་རྙིང་ལོ་སར་དུས་ཆེན”གྱི་རིམ་སྤེལ་བྱེད་སྒོ་ཉེ་ལམ། མ་ཏི་ལིས་ནས་་སྤེལ་མགོ་བརྩམས་པ་དང་། ཟས་ཞིམ་པོའི་བྲོ་བ་མྱོང་བ་དང་མེ་ཏོག་གིས་བརྒྱན་པའི་རླངས་འཁོར་དུ་བསྡད་དེ་ཡུལ་སྐོར་བྱེད་པ། སྒྱུ་རྩལ་འགྲེམས་སྟོན། དམངས་སྲོལ་མཆོད་འབུལ་སོགས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ།
ནི་ཀྲེ་རི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི། “སྤྲོ་སྣང་ལྡན་པའི་ལུགས་རྙིང་ལོ་སར་དུས་ཆེན”གྱི་མཆོད་འབུལ་ཚོགས་འདུའི་སྟེང་དུ། རིག་རྩལ་འཁྲབ་སྟོན་དང་པར་རིས་འགྲེམས་སྟོན། གློག་བརྙན་སྟོན་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ལས་སྐུ་མགྲོན་ཆིག་སྟོང་ལྷག་ཙམ་གྱིས་མཉམ་དུ་ཀྲུང་གོའི་རིག་གནས་ཀྱི་མཛེས་སྡུག་མྱོང་རོལ་བྱས།