རྒྱལ་ཁབ་མང་པོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཆུ་མོ་ཡོས་ལོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས།
2023.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

བསྟུད་མུར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་པོར་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། ཆུ་མོ་ཡོས་ལོའི་ལུགས་རྙིང་དུས་ཆེན་ལ་རྟེན་འབྲེལ་ཞུས།

ཉེ་ལམ། མ་ལེ་ཞི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཅིས་ལུང་པའོ་རུ་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཏེ། ལས་རིགས་ཁག་གི་མི་སྣ་ཚང་མ་མཉམ་དུ་འཛོམས་བྱས་ནས། དགའ་སྤྲོའི་ངང་ཀྲུང་གོའི་ལུགས་རྙིང་ལོ་སར་དུས་ཆེན་ལ་རྟེན་འབྲེལ་ཞུས།

ཆུ་མོ་ཡོས་ལོའི་ལུགས་རྙིང་ལོ་སར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ང་དགུ་འཁོར་བར་རྟེན་འབྲེལ་ཞུ་ཆེད། ཧྥ་རན་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་བཅས་ཀྱི་རྩ་འཛུགས་སྤྱི་ཁྱབ་པུའུ་རུ། “ཀྲུང་ཧྥའི་ཟས་ཞིམ་རིག་གནས་ཀྱི་མཚན་མོའི”བྱེད་སྒོ་སྤེལ། སྐུ་མགྲོན་ཚོས་ལོ་གསར་གྱི་རྣམ་པ་ལེགས་པོའི་ཁྲོད་ནས་ཟས་ཞིམ་པོའི་བྲོ་བ་མྱོང་ཞོར་མཉམ་དུ་མཛའ་མཐུན་གླེང་།

ཉེ་ལམ། ཧིན་རྡུ་ཉི་ཞི་ཡ་དང་དབྱི་ལང་། སི་རི་ཡ་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས“དྲོ་སྐྱིད་ལྡན་པའི་དཔྱིད་དཔལ་བསུ”ཞེས་པའི་བྱེད་སྒོ་སྤེལ་ནས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ས་གནས་དེ་གའི་ལས་རིགས་ཁག་གི་མི་སྣ་བཅས་དང་མཉམ་དུ་ལུགས་རྙིང་ལོ་སར་དུས་ཆེན་ལ་རྟེན་འབྲེལ་ཞུས།

བན་དེ་སྐྱབས་ཀྱིས་བསྒྱུར།