ཆིན་ཀང་གིས་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལོས་ཐི་ནོ་ལ་ཁ་པར་བཏང་།
2023.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཉེ་ལམ། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཆིན་ཀང་གིས་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལོས་ཐི་ནོ་ལ་ཁ་པར་བཏང་།

ཆིན་ཀང་གིས་བཤད་དོན། ཧིན་རྡུ་ཉི་ཞི་ཡ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་གཙོ་བོ་ཡིན་པ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གྲོགས་པོ་བཟང་བོ་ཡིན། དེང་སྐབས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དང་འཕྲད་ཡོད། ངས་ཁྱོད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་འཐབ་ཇུས་མཛུབ་ཁྲིད་བསྲུང་བྱ་བྱས་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་འི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་མང་པོ་ཧིན་རྡུ་ཉི་ཞི་ཡ་ལ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བ་དང་། ཧིན་རྡུ་ཉི་ཞི་ཡ་ཡིས་བདེ་འཇགས་འགན་སྲུང་དང་སྲིད་ཇུས་སྟབས་བདེ་གང་མང་འདོན་སྤྲོད་བྱེད་དགོས།

ལོས་ཐུ་ནོ་ཡིས་བཤད་དོན། ཀྲུང་གོ་ནི་ཧིན་རྡུ་ཉི་ཞི་ཡའི་གྲོགས་པོ་བཟང་བོ་ཡིན་པས། ཧིན་རྡུ་ཉི་ཞི་ཡ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་བར་རེ་བ་ཆེན་པོ་བཅངས་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་ངེས་ཡིན། ཧིན་རྡུ་ཉི་ཞི་ཡ་ཡིས་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་གོ་ཕྱོགས་ཀྱི་ལས་གཞི་དང་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་ངེས་ཡིན། ཀྲུང་གོའི་གནས་སྐོར་བ་སྔ་མོ་ནས་ཧིན་རྡུ་ཉི་ཞི་ཡ་ལ་ཡུལ་སྐོར་དུ་ཡོང་བར་དགའ་བསུ་ཞུ་བ་ཡིན། ཧིན་རྡུ་ཉི་ཞི་ཡ་ཡིས་ད་ལོར་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་འདོན་པ་དང་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས།

ཆིན་ཀང་གིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཧིན་རྡུ་ཉི་ཞི་ཡ་ཡིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཧིན་རྡུ་ཉི་ཞི་ཡ་ཡིས་མགོ་ཁྲིད་ཀྱི་ནུས་པ་བཏོན་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་དང་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།