ཟླ་དང་པོའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་པོ་ཏ་ཏ་ཨའེ་ལ་གློག་འཕྲིན་བཏང་ནས་ཁོས་མུ་མཐུད་དུ་ཕ་ཕུ་ཡ་ཀུའེ་ནེ་ཡ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཡི་འགན་འཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཕ་ཕུ་ཡ་ཀུའི་ནེ་ཡ་ནི་ཆེས་སྔ་མོར་ཀྲུང་གོ་གསར་པའི་བར་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁྲོད་ཀྱི་གཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་བར་དུ་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཟབ་མོ་ཆགས་ཡོད། དེང་སྐབས། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ངས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་མུ་མཐུད་དུ་ཙུང་ཏུའུ་ཏ་ཏ་ཨའེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་བྱེད་པ་དང་བརྟན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།