ཟླ་དང་པོའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་ཚོགས་ཆེན་གཉིས་བཅས་ཀྱི་བཀོད་སྒྲིག་ལྟར། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་དེ་མིག་དཔེ་སྟོན་དགོས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཟི་ལིང་གྲོང་ཁྱེར་ཁང་དུ་སོང་ནས། ཟི་ལིང་གྲོང་ཁྱེར་གྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་གྲུབ་འབྲས། འཆར་འགོད་ཀྱི་མདུན་ལྗོངས་སོགས་ཀྱི་ངོ་སྤྲོད་ལ་ཉན་པ་དང་། ཟི་ལིང་གྲོང་ཁྱེར་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་གྲོང་ཁྱེར་རྩོལ་ནུས་ཁུལ་བགོས་སོགས་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། གྲོང་ཁྱེར་བར་སྟོང་གྲུབ་ཚུལ་དང་ས་ཞིང་ལེགས་བསྡུས་བེད་སྤྱོད་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་གཅིག་འདོམས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཆར་འགོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་འཕེལ་རྒྱས་ལ་འགན་སྲུང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྥུའུ་ཧྲིན་དབྱིན་ཐཱན་ཚི་སྣ་ཟི་ལིང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཡ་གླིང་སྭེལ་ལས་གློག་འདྲེན་ཕྱེད་རྫས་ཀུང་ཟི་རུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་འཁོར་ཁང་དུ་སོང་ནས་ཁེ་ལས་ཀྱི་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁེ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་ཡིད་ཆེས་ཀྱི་ཁེངས་ཡོད། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། སྟོད་རྨད་རྒྱུད་ཀྱི་ཐོན་ལས་མུ་ཐག་གི་མཉམ་ལས་ཆ་སྡེབས་འཐུས་ཚང་དུ་བཏང་སྟེ། འདུ་ཚོགས་འཕེལ་རྒྱས་སུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་གཟིགས་ཞིབ་བྱས་པའི་ཝུན་ཧུའེ་ལམ་སྲུང་ལམ་ཝུན་ཐིན་སྲང་ལམ་གཞིས་ཁུལ་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་གཞིས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་དང་བརྗེ་རེས་བྱས་པ་དང་། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་མཐུན་སྒྲིལ་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནས་ཚུལ་གསལ་བོར་དྲིས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། ཏང་འཛུགས་རྨང་གཞི་ཇེ་བརྟན་དུ་གཏོང་བ། མང་ཚོགས་ཀྱི་དགོས་མཁོ་ལ་དོ་སྣང་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་བྱས་ནས་གཞིས་ཁུལ་གྱི་སྡོད་དམངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཁྲིན་ཀང་གིས་ཟི་ལིང་གི་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཟི་ལིང་གི་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྲོད་གོ་གནས་དམིགས་བསལ་དང་གལ་ཆེན་ཟིན་པས། ལངས་གནས་སྔར་ལས་མཐོན་པོ་དང་མིག་རྒྱ་སྔར་ལས་ཆེན་པོས་ཟི་ལིང་གི་བྱ་བར་ཞིབ་འཇུག་བྱེད་པ་དང་། ཞིང་ཆེན་ལྟེ་གནས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། ཞིང་ཆེན་ལྟེ་གནས་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲལ་མགོ་དམག་བྱེད་དགོས། དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་ཁྲོད་ཞུགས་པ། སྒོ་འབྱེད་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་མ་ཆད་པར་རྒྱ་སྐྱེད་པ། གནས་གཅིག་གིས་ཕྱོགས་ཡོངས་ཁྲིད་པར་བརྟེན་ནས་ཚན་རྩལ་གསར་གཏོད་ཀྱི་ཤུགས་འདོན་ས་བཙལ་ནས། ཧུར་ཐག་གིས་ཟི་ལིང་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་འཛུགས་སྐྲུན་བྱེད་པའི་རྗེས་ཕྱོགས་བརྟན་སྲུང་བྱེད་དགོས། སྐྱེ་ཁམས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རྨང་གཞིའི་བྱ་བ་དམ་འཛིན་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགྱེད་འཕྲོ་དཔེ་སྟོན་དང་ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲོད་ཟི་ལིང་གི་བྱས་རྗེས་འཇོག་དགོས། མཐོ་སྒང་གི་སྤུས་ལེགས་འཚོ་བའི་ཚད་ཤིང་གསར་བ་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བར་རྐང་བཙུགས་ནས་སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་མཁོ་འདོན་ལ་ཤུགས་སྣོན་པ། གྲོང་ཁྱེར་བཅོས་སྐྱོང་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བཏང་ནས། གྲོང་གསེབ་དར་སྤེལ་བྱེད་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་བཟང་བོ་འཛུགས་སྐྲུན་བྱེད་དགོས། མི་རིགས་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ལས་བྱེད་པའི་ཁྲིད་ཕྱོགས་དང་སྤྱོད་གཙང་སྒྲིག་གཅུན་འབུར་དུ་ཐོན་པར་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་དེ་བྱ་བ་བསྒྲུབ་པ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དཔེ་ལྟ་བྱེད་པ། ལས་བྱེད་པས་བྱ་བ་བསྒྲུབ་འདོད་པ་དང་བྱ་བ་སྒྲུབ་ཤེས་པ། བྱ་བ་བཟང་བོར་བསྒྲུབ་པར་སྐུལ་སློང་གཏོང་བ། མཉམ་དུ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པར་བྱེད་པ། བློ་དཀར་དག་གཙང་དང་ཁག་ཁུར་ཡོད་པར་བྱས་ནས། སྤྱོད་གཙང་སྲོལ་བཟང་དང་ལས་གཉེར་ལས་སྐྲུན་གྱི་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཟི་ལིང་གི་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གོ་གནས་མཐོ་བ་དང་འཕར་སྣོན་གྱི་གནས་བབ་བཟང་ལ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་བས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། ཞིང་ཆེན་ཡོངས་ཀྱི་སྣེ་ཁྲིད་སྒུལ་ཤུགས་ལྡན་པའི་གྲལ་མགོ་དམག་བསྐྲུན་དགོས། ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཡང་བསྐྱར་ཤུགས་འདོན་པ་དང་། ཤུགས་བཏོན་ནས་ཐོན་ལས་གཙོ་བོ་སྐྱེད་སྲིང་བྱེད་པ། གསར་དར་ཐོན་ལས་ཀྱི་རྩོམ་ཡིག་བཟང་བོར་འབྲི་བ། དེང་རབས་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། མུ་ལག་རྒྱུན་བསྲིང་བ་དང་མུ་ཐག་ཁ་གསབ་བྱེད་པ། མུ་ཐག་སྟོབས་ལྡན་དུ་བསྒྱུར་ནས། ཐོན་ལས་ཀྱི་འདུ་ཚོགས་དང་ཐོན་ལས་ཀྱི་ཆ་སྡེབས། ཐོན་ལས་ཀྱི་དགེ་མཚན་གྲུབ་པར་བྱེད་དགོས། གྲོང་ཁྱེར་གྱི་རྒྱུ་སྤུས་མཐོར་འདེགས་གཏོང་བའི་སྟེང་ཡང་བསྐྱར་ཤུགས་འདོན་པ་དང་། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པ་དང་ཟི་ལིང་དང་མཚོ་ཤར་གཞི་གཅིག་ཅན་གྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་གཉིས་སྦྲེལ་མཐུད་བྱེད་པ། བར་སྟོང་རྒྱ་སྐྱེད་པ་དང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། རྩོལ་ནུས་མཐོར་འདེགས་བཏང་སྟེ། ཀྲུང་གོའི་ཆེས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་ཐད་ནས་སྔར་ལས་འགུག་ཤུགས་ལྡན་པར་བྱེད་དགོས། ཚན་རྩལ་གསར་གཏོད་བྱེད་པའི་སྟེང་ཡང་བསྐྱར་ཤུགས་འདོན་པ་དང་། ཚན་རྩལ་གསར་གཏོད་ཁུལ་ཁོངས་ཀྱི་གྲུབ་ཚུལ་འབུར་དུ་ཐོན་པར་བྱེད་པ། ཚན་རྩལ་བེད་སྤྱོད་སྟེགས་བུ་འཛུགས་སྐྲུན་བྱེད་པ། ཚན་རྩལ་གསར་གཏོད་སྒྲིག་གཞི་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་རང་ས་ནས་བསྒྱུར་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གྲུབ་པར་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་སྟེང་ཡང་བསྐྱར་ཤུགས་འདོན་པ་དང་། བཅོས་བསྒྱུར་ལ་བརྟེན་ནས་དཀའ་གནད་ཐག་གཅོད་པ་དང་། སྒོ་འབྱེད་ལ་བརྟེན་ནས་བར་སྟོང་རྒྱ་སྐྱེད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། སྟོབས་ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཐོན་ཁུངས་སྔར་ལས་མང་པོ་དང་རྒྱུ་རྐྱེན་སྔར་ལས་མང་པོ་ཟི་ལིང་དུ་བསྡུ་རུབ་བྱས་ཏེ། ཟི་ལིང་སྔར་ལས་མགྱོགས་པ་དང་བཟང་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཁྲིན་རུའེ་ཧྥིན་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས།