རང་རྒྱལ་གྱིས་རྣམ་པ་ཆེ་བའི་གནས་གཞན་གྱི་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཁུལ་དེ་མཁར་གྲོང་ཅན་གསར་བ་དང་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་།
2023.01.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

གསར་འགོད་པས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བཅུ་དགུ་ཡིས་ཉེ་ལམ་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་ཏེ། ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་རྣམ་པ་ཆེ་བའི་གནས་གཞན་གྱི་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཁུལ་དེ་མཁར་གྲོང་ཅན་གསར་བ་དང་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྤྱིའི་བླང་བྱ་དང་གཙོ་རྒོལ་ཁ་ཕྱོགས། ལས་འགན་གཙོ་བོ་དང་རྒྱབ་སྐྱོར་སྲིད་ཇུས་གཏན་འཁེལ་བྱས།

རྣམ་པ་ཆེ་བའི་གནས་གཞན་གྱི་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཁུལ་དེ་མཁར་གྲོང་ཅན་གསར་བ་དང་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ལས་བསྟན་དོན། ནུས་ཤུགས་གང་ཡོད་འདོན་པ་དང་ནུས་ཤུགས་ལྟར་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྣམ་པ་ཆེ་བའི་གནས་གཞན་གྱི་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཁུལ་གཅིག་སྡུད་བྱས་ཏེ། གནས་སྤོར་མང་ཚོགས་ཀྱིས་མཛེས་པའི་འཚོ་བའི་རེ་བ་སྐོང་རྒྱུ་དེ་གཞི་འཛིན་ས་དང་རྐང་འཛུགས་ས་བྱེད་པ་དང་། གནས་གཞན་གྱི་དབུལ་སྐྱོར་གནས་སྤོར་གྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་བརྟེན་ནས་མཁར་གྲོང་ཅན་གསར་བ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་གཙོ་སྙིང་དུ་བཟུང་ནས། རྫོང་ཁུངས་ཀྱི་ཁྱད་ལྡན་ཐོན་ལས་གཙོར་བཟུང་ནས་རོགས་སྐྱོར་བྱེད་པ་དང་། གནས་སྤོར་མང་ཚོགས་ཀྱི་ལས་ཞུགས་ལས་སྤེལ་གཙོར་བཟུང་ནས་སྐུལ་འདེད་གཏོང་བ། བཀོད་སྒྲིག་ས་ཁུལ་གྱི་ཆ་ཚང་སྒྲིག་ཆས་གཙོར་བཟུང་ནས་མཐོར་འདེགས་སུ་གཏོང་བ། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་མ་ལག་གཙོར་བཟུང་ནས་འཐུས་ཚང་དུ་གཏོང་བ། སྡེ་ཁུལ་བཅོས་སྐྱོང་མ་ལག་གཙོར་བཟུང་ནས་ཆ་ཚང་དུ་གཏོང་བར་མ་ཟད། གནས་སྤོར་མང་ཚོགས་ལ་དཀའ་ཁག་ཆེ་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། མི་གྲངས་སྡོད་དམངས་ཅན་དང་ལས་ཞུགས་སྣ་མང་ཅན། ཐོན་ལས་ཁྱད་ལྡན་ཅན། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་མྱུར་དུ་མངོན་འགྱུར་བྱེད་དགོས་ལ། གནས་སྤོར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པ་ཕྱོགས་ཡོངས་སྒྱུར་བ་དང་། གནས་སྤོར་མང་ཚོགས་ཀྱི་ཆ་རྐྱེན་ཇེ་བཟང་དང་རིམ་བཞིན་ཕྱུག་པོར་འགྱུར་ཐུབ་པ་འགན་སྲུང་བྱས་ནས། དབུལ་ཐར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དུས་ལྟར་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

མཛུབ་སྟོན་བསམ་འཆར་ལས། རིགས་བགར་ཏེ་རྣམ་པ་ཆེ་བའི་བཀོད་སྒྲིག་ས་ཁུལ་དེ་མཁར་གྲོང་ཅན་གསར་བ་དང་མཉམ་བསྲེས་བྱེད་པར་སྣེ་ཁྲིད་བྱས་ནས། བཀོད་སྒྲིག་ས་ཁུལ་དང་དེའི་མཁར་གྲོང་གཞི་གཅིག་ཅན་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ས་ཁུལ་གྱི་བཀོད་སྒྲིག་ཁུལ་གྱི་ཐོན་ལས་དང་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་གཏོང་བ། ཞིང་སྡེའི་བཀོད་སྒྲིག་ཁུལ་གྱི་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་དགོས། དེང་རབས་ཅན་གྱི་བཀོད་སྒྲིག་སྡེ་ཁུལ་འཛུགས་སྐྲུན་དང་བཅོས་སྐྱོང་བྱས་ཏེ་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། སྡེ་ཁུལ་བཅོས་སྐྱོང་དཔེ་མཚོན་གསར་སྐྲུན་བྱེད་དགོས་པ་སོགས་གཏན་འཁེལ་གསལ་བོ་བྱས་ཡོད།

མཛུབ་སྟོན་བསམ་འཆར་ལས་ས་གནས་སོ་སོས་རྩ་འཛུགས་མགོ་ཁྲིད་ནུས་པ་ཇེ་ཆེར་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་ཞིང་མ་དངུལ་གྱི་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།