སུང་ཐའོ་ཡིས་ཀྲུང་གོ་གོ་མུན་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཧུང་ཞིའུ་ཀྲུའུ་ལ་ཐུག་འཕྲད་བྱས།
2023.01.30 ཁུངས། ཀློག་གྲངས། 17

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཐེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སུང་ཐའོ་ཡིས་ཞ་མིན་ནས་འཚམས་འདྲིར་ཡོང་བའི་ཀྲུང་གོ་གོ་མེན་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཧུང་ཞིའུ་ཀྲུའུ་ལ་ཐུག་འཕྲད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོང་ཞིག་ཀྲུའུ་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས།

སུང་ཐའོ་ཡིས་བཤད་དོན། ན་ནིང་གི་ཟླ་བཅུ་བར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་ཇུས་གཞི་བཏོན་པར་མ་ཟད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཐེ་ཝན་བྱ་བར་བཀོད་སྒྲིག་བྱས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ཁྲོད་དུ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཐེ་ཝན་སྤུན་ཟླར་བརྩི་འཇོག་དང་གཅེས་སྐྱོང་། བདེ་སྐྱིད་སྐྲུན་ངེས་ཡིན་ལ། སྔར་ལས་མང་པོའི་ཐེ་ཝན་སྤུན་ཟླ་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པ་དང་མི་རིགས་བསྐྱར་དར་དང་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ཁྲོད་ཞུགས་པར་སྐུལ་ལྕག་བྱེད་པ་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུའུ་ཞི་ཧུང་ཞིའུ་ཀྲུའུ་ཡིས་སྔོན་ཆད་དང་འདྲ་བར་དེའི་ཐད་ལ་ནུས་པ་ཆེན་པོ་འདོན་དགོས།

ཧུང་ཞིའུ་ཀྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཚམས་འདྲི་དང་སྨོན་འདུན་ཞུས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མཚོ་འགག་འགྲམ་གཉིས་ཀྱི་ཐུན་མོང་གི་དེང་རབས་ཅན་ཡིན་པ་དང་། མི་རིགས་བསྐྱར་དར་གྱི་རླབས་རྒྱུན་ཁྲོད་དུ་ཐེ་ཝན་ཆད་མི་འོས་པ་དང་ཆད་མི་རུང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ལག་རྡང་སྦྲེལ་ཏེ་མདུན་དུ་སྐྱོད་པ་དང་། མི་རིགས་བསྐྱར་དར་དང་མཚོ་འགག་འགྲམ་གཉིས་གཅིག་གྱུར་ཡོང་བའི་རླབས་ཆེན་ལས་དོན་མཉམ་དུ་མངོན་འགྱུར་བྱེད་དགོས།

                                                                                                        བཀྲ་ཤིས་འབུམ་གྱིས་བསྒྱུར།