ལིའུ་ཐའོ་ཡིས་མུ་རི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་ཁྲོན་དང་པོ་དང་བཞི་བའི་རྩྭ་འདེབས་ལྗང་སྒྱུར་ཁུལ་གྱི་དོ་དམ་སྲུང་སྐྱོབ་དང་རྩྭ་ས་བཀོལ་སྤྱོད། རྩྭ་འདེབས་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
2023.01.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དང་པོའི་ཚེས་ཉེར་དགུ་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་སྔ་གཞུག་ཏུ་མུ་རི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་ཁྲོན་དང་བཞི་བར་སོང་སྟེ་རྩྭ་འདེབས་ལྗང་སྒྱུར་ཁུལ་གྱི་དོ་དམ་སྲུང་སྐྱོབ་དང་རྩྭ་ས་བཀོལ་སྤྱོད། རྩྭ་འདེབས་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཡུལ་དངོས་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་པ་གཙོ་བོས་མུ་རི་གཏེར་ཁུལ་གྱི་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བའི་ཐད་བཏོན་པའི་རེ་བ་གལ་ཆེན་བརྒྱུད་སྒྲོག་བྱས་ཤིང་། འཕེལ་རིམ་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་དག་ཐེར་བཅོས་སྐྱོང་བྱ་བར་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མུ་རི་གཏེར་ཁུལ་གྱི་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱིས་ལོ་གསུམ་འགུལ་སྐྱོད་ཇུས་གཞི་དང་ཀྲུང་དབྱང་བྱ་བའི་ཚན་ཁག་གི་ཕྱིར་ལྟ་ཐེངས་གཉིས་ཀྱི་རེ་བར་གཤིབ་བསྡུར་བྱས་ཏེ། མཐུན་སྒྲིལ་གཅིག་གྱུར་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། བྱ་བ་གང་མང་སྒྲུབ་ནས་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་མཇུག་བསྡུ་བའི་ལོ་ཡིན་པ་དང་། ལས་འགན་སྣ་ཚོགས་ཡོངས་འགྲུབ་བཟང་བོ་བྱེད་རྒྱུ་ཧ་ཅང་གལ་ཆེ་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་གོ་གནས་དང་པོར་བཞག་སྟེ། ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་དང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ནས་མདུན་དུ་བསྐྱོད་དེ་མཇུག་བཟང་བོ་ཞིག་བསྡུ་བ་འགན་སྲུང་བྱེད་པ་དང་འགྱོད་པ་སྤུ་ཙམ་མེད་པར་བྱེད་དགོས། བྱ་བའི་གནད་སར་བསམ་གཞིགས་ཞིབ་མོ་བཏང་ནས་ལས་འགན་སྣ་ཚོགས་ཇི་མ་ཇི་བཞིན་དུ་དངོས་འབེབས་བྱེད་པ་དང་། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཕྱོགས་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་རྩྭ་འདེབས་ལྗང་སྒྱུར་དང་ས་བྱད་སླར་གསོ། ཁོར་ཡུག་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་སླར་གསོ་སོགས་ཀྱི་བྱ་བ་གཙོ་བོ་ནམ་ཡང་དམ་འཛིན་བྱེད་དགོས།  གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྔ་མོ་ནས་ལག་བསྟར་བྱེད་པ། ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་པ། ཆད་ཞིབ་ཁ་གསབ་ཞིབ་མོ་བྱེད་པ། ནུས་ཤུགས་གང་ཡོད་བཏོན་ཏེ་བྱེད་ཐབས་སྣ་ཚོགས་བཀོལ་སྤྱོད་བྱས་ནས་ནུས་པ་ཐོབ་པ་འགན་སྲུང་བྱེད་དགོས། དག་ཐེར་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་དཔྱད་འཇོག་བྱེད་པ་དང་། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུན་མཐུད་སྒོས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། ཡུན་རིང་ནུས་ལྡན་དང་དོ་དམ་སྲུང་སྐྱོབ་མངོན་འགྱུར་བྱས་ནས། དག་ཐེར་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་འགན་སྲུང་བྱེད་དགོས།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།