རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ལོ་ལོན་སོགས་མི་ཚོགསགཙོ་བོའི་བདེ་ཐང་ལ་ཞབས་འདེགས་བཟང་བོ་ཞུ་དགོས་ཞེས་བསྟན།
2023.01.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 102

ཟླ་དང་པོའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ལོ་སར་སྐབས་ཀྱི་རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཟིའི་ལྟ་ཞིབ་ཆེད་གཉེར་མི་སྣ་པོ་ཝེ་ཡིས་མཚམས་སྦྱོར་བྱས་དོན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ལས་ཞིང་སྡེ། དམངས་སྲིད་སོགས་ལས་ཁུངས་ཀྱིས་ས་གནས་སོ་སོས་རིམ་ལྔའི་ཧྲུའུ་ཅིས་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་དང་ལེན་བྱེད་པ། གཞི་རིམ་འགན་ལེན་སྲུང་སྐྱོབ་ཚོགས་པ་དང་གཞི་རིམ་སྨན་བཅོས་མི་སྣ་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་ལག་བསྟར་བྱས་ནས། ལོ་ལོན་སོགས་མི་ཚོགས་གཙོ་བོར་ནན་ཏན་དང་ཞིབ་ཕྲ་སྒོས་བདེ་ཐང་ལ་ཞབས་འདེགས་ཞུ་བར་མཛུབ་སྟོན་བྱས།

                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།