དབྱང་ཀྲི་ཝུན་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
2023.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གཉིས་པའི་ཚེས་གཅིག་ཉིན།   ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤོར་གྲོང་ཁྱེར་དུ་ལས་ཞུགས་བརྟན་འཇགས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།   དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ།   གོ་སྐབས་དམ་འཛིན་བྱེད་པ།  སྲིད་ཇུས་བྱེད་ཐབས་ཞིབ་ཕྲ་ཅན་དུ་གཏོང་བ།    ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ་དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བྱ་བའི་མགོ་བཟང་བོ་ཞིག་རྩོམ་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

དབྱང་ཀྲི་ཝུན་སྔ་གཞུག་ཏུ་ཁེ་ལས་གཙོ་བོ་དང་གློག་རྡུལ་ཉོ་ཚོང་ལྟེ་གནས།  མི་ཤུགས་ཐོན་ཁུངས་ཀུང་ཟི། ལས་རིགས་རྩལ་ནུས་གསོ་སྦྱོང་རྟེན་གཞི་ཁ་ཤས་སོགས་སུ་སོང་ནས་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ངལ་རྩོལ་བ་དང་བསམ་བློ་བརྗེ་རེས་བྱས་པ་དང་།   ཁེ་ལས་ཀྱི་མི་བཀོལ་ཞབས་ཞུའི་འགན་སྲུང་དང་ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས།    རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ཡོད་པའི་སྒོ་ནས་ལས་ཞུགས་བརྗེ་སྤོར་བྱེད་པ།   ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།   གྲོས་གཞི་དང་བསམ་འཆར་ལ་ཉན་པར་མ་ཟད།   དཀའ་གནད་གཅིག་གྱུར་མཐུན་སྦྱོར་སྒོས་ཐག་བཅད།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན།    དུས་ཚིགས་དང་པོའི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཧ་ཅང་གལ་ཆེ་བ་དང་དོན་སྙིང་གལ་ཆེན་ལྡན།  ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་རང་འགུལ་དབང་ཆ་དམ་འཛིན་བྱེད་པ་དང་ལས་ཞུགས་གཏན་འཇགས་བྱ་རྒྱུ་གོ་གནས་གཙོ་བོར་འཇོག་རྒྱུར་རྒྱུན་འཁྱོངས་བྱེད་པ།    ལས་ཞུགས་ཀྱི་སྤུས་འདེགས་ནུས་སྤེལ་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་སྤྱི་འབོར་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་ལས་ཞུགས་སྤུས་ཚད་མཐོར་འདེགས་གཏོང་དགོས།   རང་འགུལ་གྱིས་ཞབས་ཞུ་བྱ་བ་སྤེལ་ཏེ་ཁེ་ལས་གཙོ་བོའི་མི་བཀོལ་དགོས་མཁོ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱེད་པ་དང་།  ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱས་ཏེ་ཁྲོམ་རའི་གཙོ་གཞིའི་ལས་ཞུགས་གཏན་འཇགས་དང་རྒྱ་བསྐྱེད་པར་རྒྱབ་སྐྱོབ་བྱེད་དགོས།   ཤར་ནུབ་རྒྱུད་རོགས་ལས་ནང་རྐྱེན་ཀྱི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་།   འཐེན་ཐུག་དང་འཚེམ་དྲུབ་སོགས་ཁྱད་ལྡན་ཚོང་རྟགས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ།   ལས་རིགས་རྩལ་ནུས་གསོ་སྦྱོང་གནད་ཕིགས་ནུས་ལྡན་སྒོས་སྤེལ་བ་བཅས་བྱས་ཏེ་རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ཡོད་པའི་ལས་ཞུགས་བརྗེ་སྤོར་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།