ཟླ་གཉིས་པའི་ཚེས་གཅིག་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཝང་ཀྲིན་ཁྲང་། ལིའུ་ཏ་ཡེ་བཅས་སྐུ་འབུམ་དགོན་པར་སོང་ནས་གྲྭ་བ་རྣམས་ལ་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ཝང་ཀྲིན་ཁྲང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པས། སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཆོས་ལུགས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རོགས་འདེགས་བྱེད་པ་དང་། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་དེ་བློ་རྩ་བརྟན་པོས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་གོང་བཀུར་བྱས་ནས་ཏང་གི་གསུང་ལ་ཉན་པ་དང་ཏང་ལ་དྲིན་གཟོ་ཞུ་བ། ཏང་གི་རྗེས་སུ་འབྲངས་དགོས། ཉེ་སྔོན་གྲོལ་བའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཛེས་པའི་འཆར་གཞི་ཇུས་འགོད་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བཟང་བོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་བྱ་བའི་གནད་ས་ཁོང་དུ་ཆུད་པར་བྱེད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་མཚོ་སྔོན་ནི་སྔར་ལས་མཛེས་པ་དང་སྔར་ལས་སྐྱིད་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།