ཝང་དབྱི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞི་ལ་ཐུག་འཕྲད་བྱས།
2023.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གཉིས་པའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞི་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བཤད་དོན། དེང་སྐབས་འཛམ་གླིང་སྟེང་དུ་ངེས་གཏན་མིན་པའི་རང་བཞིན་དང་བརྟན་འཇགས་མིན་པའི་རང་བཞིན་གནས་ཡོད་པས། རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་མཐོན་པོར་སྒྲེང་ཞིང་མཐུན་སྒྲིལ་ལ་ཁ་གཏད་འཇལ་ནས། འཛམ་གླིང་སྟེང་དུ་འགལ་རྐྱེན་ཉུང་ཞིང་གྲོས་མོལ་བྱེད་རྒྱུ་མང་དུ་གཏོང་བ་དང་། བཙན་དབང་བཀོལ་རྒྱུ་ཉུང་ཞིང་རྒྱལ་སྤྱིའི་མཉམ་ལས་མང་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་མཉམ་ལས་བྱེད་པར་ཤུགས་སྣོན་ཞིང་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་མགོ་དང་འཛམ་གླིང་བདེ་འཇགས་ཀྱི་གྲོས་མགོ་དངོས་འབེབས་བཟང་བོ་བྱེད་པ་དང་། ཆུའི་ཐོན་ཁུངས་དང་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།

ཁི་ལེ་ཞི་ཡིས་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ཤུགས་སྣོན་ཞིང་ལག་རྡང་སྦྲེལ་ཏེ་རིམས་ནད་འགོག་སྡོམ་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།