རྒྱལ་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་སྤྱི་བསྡོམས་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིང་ནས་བསྡུས།
2023.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་སྤྱི་བསྡོམས་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིང་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཧི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས།

གྲོས་ཚོགས་ནས་བསྟན་དོན། རྒྱལ་དབང་ཁེ་ལས་བཅོས་སྒྱུར་ནམ་ཡང་ལམ་དུ་ཡོད་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བཟང་བོ་བྱས་ནས་གོ་བ་ཟབ་མོ་བླངས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་། སྲོག་ཤིང་འགྲན་རྩོད་ནུས་པ་དང་སྲོག་ཤིང་ནུས་པ་མཐོར་འདེགས་སུ་གཏོང་བར་དམིགས་ནས་མུ་མཐུད་དུ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ལ་འཆར་འགོད་དང་སྐུལ་འདེད་གཏོང་དགོས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་དྲག་ཏུ་བཏང་ནས། ཡང་དག་པའི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། རྒྱལ་དབང་ཁེ་ལས་ཀྱི་ནུས་པ་དང་ལོ་རྒྱུས་འགན་འཁྲི་གཅིག་སྡུད་བྱེད་དགོས་ལ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཡང་དག་པའི་བཅོས་སྒྱུར་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། ས་གནས་དང་ཁེ་ལས་ཀྱི་བརྩོན་སེམས་སྐུལ་དགོས།

དེའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ནས། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།