ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས།
2023.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གཉིས་པའི་ཚེས་གཉིས་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པའི་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལིས་མེན་གྱིས་བསྟན་དོན། མཚོ་སྔོན་འཐུབ་ཚབ་ཚོགས་པས་རྒྱལ་ཁབ་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ཁྱོན་ཡོངས་དང་རང་ཞིང་གི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་དང་དམ་པོར་སྦྲེལ་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་ནས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་སྒོ་ནས་ཚོགས་ཆེན་ལ་གྲོས་གཞི་སྤྲོད་པ་དང་བསམ་ཚུལ་འདོན་དགོས། འཐུས་མིས་གྲོས་གཞི་འདོན་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། གྲོས་ཚོགས་ཀྱི་སྔོན་ལ་འཐུས་མིས་མཉམ་དུ་ལྟ་ཞིབ་བྱ་འགུལ་སྤེལ་བ་དང་བཅའ་ཁྲིམས་ཞིབ་ཀློག་སོགས་ཀྱི་བྱ་བ་རྩ་འཛུགས་བཟང་བོ་བྱས་ནས། གྲོས་ཚོགས་ཀྱི་སྐབས་སུ་འཐུས་མིས་སྙན་ཞུ་སྣ་ཚོགས་དང་བཅའ་ཁྲིམས་གྱོད་དོན་ལ་གྲོས་ཞིབ་དང་ཞིབ་བཤེར་བྱེད་སྐབས་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བརྗོད་པར་འགན་སྲུང་བྱེད་དགོས།

ཝང་ལིས་མེན་གྱི་བསྟན་དོན། འཐུས་ཚབ་ཚོགས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ཏེ། བྱ་བའི་ཇུས་གཞི་གཏན་འཁེལ་བྱེད་པ་དང་དྲིལ་སྒྲོག་ལས་འགན་བཀོད་སྒྲིག་ཞིབ་མོ་བྱེད་པ། འབྲེལ་འདྲིས་མཐུན་སྦྱོར་ནུས་པ་ཇེ་ཆེར་གཏོང་བ། གསོ་སྦྱོང་དང་ཞིབ་བཤེར་གཏན་འབེབས་བཟང་བོ་བྱེད་དགོས། མཚོ་སྔོན་འཐུས་ཚབ་ཚོགས་པའི་བྱ་བའི་སྒྲིག་གཞིའི་ཚན་ཁག་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། བྱ་བའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། བྱ་བ་སྒྲུབ་ཚད་ཇེ་མགྱོགས་སུ་གཏོང་བ། བྱ་བའི་ལས་རིམ་སྣ་ཚོགས་དམ་འཛིན་བྱེད་པ། རང་འགུལ་སྒོས་འབྲེལ་མཐུད་གཞོགས་འདེགས་བྱས་ནས་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཚོགས་ཀྱི་གྲ་སྒྲིག་སྣ་ཚོགས་དང་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་ནས། འཐུས་མིས་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་ལས་འགན་དང་ལེན་བཟང་བོ་བྱེད་པར་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་དགོས།

                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།