སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2023.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གཉིས་པའི་ཚེས་དྲུག་ཉིན། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གིས་སྐུལ་སློང་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྐོར་ཞིབ་ཚན་ཁག་གི་ཚན་གཙོ་དང་ཚན་གཙོ་གཞོན་པར་འགན་གནང་བ་དང་དེ་མིན་ལས་འགན་ལས་བགོས་གཏན་འཁེལ་ཁྱབ་སྒྲོག་བྱས།

གྲོས་ཚོགས་ནས་བསྟན་དོན། སྐོར་ཞིབ་ནི་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྐོར་ཞིབ་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་སྐོར་ཞིབ་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་དང་ཞིབ་བཤེར་བྱེད་རྒྱུ་དེ་ལས་འགན་དང་པོར་འཇོག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་དམ་པོར་སྦྲེལ་ཏེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དངོས་འབེབས་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ་དང་། སྐོར་ཞིབ་ལྟ་སྐུལ་ལ་འགན་སྲུང་དང་ལག་བསྟར་བྱེད་པ་དང་། ཡར་སྐུལ་དང་འཐུས་ཚང་། འཕེལ་རྒྱས་བཅས་སུ་གཏོང་བའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་སོགས་ཁྱབ་ཁོངས་གཙོ་བོའི་ལྟ་སྐུལ་ནུས་པ་ཇེ་ཆེར་གཏོང་བ་དང་། ལམ་ལུགས་རྐྱེན་སྲོལ་ཆ་ཚང་བར་ལྟ་སྐུལ་བྱེད་དགོས་ལ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་མགོ་ཁུངས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། རྒྱུན་མཐུད་སྒོས་སྤྱོད་ངན་བཞི་ཡོ་བསྲང་དང་བཅོས་སྐྱོང་ནན་མོ་བྱེད་པ་དང་།  ཁྱད་དབང་བསམ་བློ་དང་རྒྱས་བཟའ་རྒྱས་འཐུང་། ཁྱིམ་རའི་རིག་གནས་སོགས་འབུར་ཐོན་གནད་དོན་གཙོར་བཟུང་ནས་ཐག་གཅོད་པར་སྐུལ་འདེད་གཏོང་བ། གཟབ་ནན་གྱི་དགོངས་གཞི་ལ་བརྟེན་ནས་སྤྱོད་བསྲང་སྒྲིག་གཅུན་ནུས་པ་ཇེ་ཆེར་གཏོང་དགོས།

ཐེངས་འདིའི་སྐོར་ཞིབ་ཁྲོད་ཟླ་གཉིས་པའི་ཟླ་སྟོད་ནས་ཟླ་ལྔ་པའི་ཟླ་སྟོད་བར་དུ། མཚོ་ལྷོ་ཁུལ་དང་དེའི་ཁོངས་སུ་གཏོགས་པའི་རྫོང་ལྔ་དང་རྨ་ལྷོ་ཁུལ་དང་དེའི་ཁོངས་སུ་གཏོགས་པའི་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་ཞུང་ཧྭ་རྫོང་དང་དཔའ་ལུང་རྫོང་བཅས་སུ་རྒྱུན་སྲོལ་ལྟར་སྐོར་ཞིབ་བྱ་རྒྱུ་དང་། རྨ་ལྷོ་ཁུལ་དང་མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་བཅས་ལ་རིམ་འཕར་སྐོར་ཞིབ་བྱ་རྒྱུ་རེད།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།