ཞིང་ཆེན་དམངས་ཆེན་རྒྱུན་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།
2023.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་གཉིས་པའི་ཚེས་དྲུག་ནས་ཚེས་བདུན་ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཏང་ཙུའུ་ཁོངས་མི་མིན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་པོ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས་པར་མ་ཟད་དཔྱད་བརྗོད་སྤེལ།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོརབསྡུ་བར་ཧ་ཅང་མཐོང་ཆེན་བྱས། གྲོས་ཚོགས་ཀྱི་སྔོན་ལ། གཅིག་སྡུད་བདུན་གྱི་བླང་བྱ་ལྟར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་མགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་བྱས་པར་མ་ཟད། ཐུན་མོང་གིས་སློབ་སྦྱོང་དང་བགྲོ་གླེང་བྱས་ཏེ། བསམ་བློ་སྔར་ལས་གཅིག་གྱུར་བྱས་པ་དང་ངོས་ཟིན་སྔར་ལས་ཇེ་དྲག་ཏུ་བཏང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བློ་མཐུན་གྱིས་དམངས་གཙོ་འཚོ་བའི་ཚོགས་འདུའི་བརྗོད་དོན་དང་རེ་བར་གཤིབ་སྡུར་བྱས་ཏེ། རང་སྦྱོང་བྱས་པ་དང་སེམས་གཏམ་བརྗོད་ལ། བསམ་འཆར་བསྡུ་ལེན་བྱས་ཤིང་། གཤིབ་སྡུར་ཞིབ་བཤེར་རྒྱུ་ཆ་ནན་ཏན་སྒོས་བྲིས་པ་དང་། ཏན་ཏིག་སྒོས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས། དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པར་བསྡུ་བར་རྨང་གཞི་བརྟན་པོ་བཏིངས། ཚོགས་ཐོག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་མགོ་ཁྲིད་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་དག་ཐེར་བཅོས་སྒྱུར་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་དང་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུར་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས། ཝང་ལིས་མེན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་གཤིབ་སྡུར་ཞིབ་བཤེར་བྱས་པ་དང་། ཕྱོགས་ལྔའི་ཐད་ནས་གོ་རིམ་རྗེས་མའི་དག་ཐེར་བཅོས་སྒྱུར་བྱེད་ཐབས་བཏོན། ཝང་ལིས་མེན་གྱིས་སྣེ་ཁྲིད་དེ་རང་ཉིད་ལ་དབྱེ་ཞིབ་བྱས་པ་དང་། རང་འགུལ་སྒོས་སྐྱོན་བརྗོད་དང་ལེན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མིས་རིམ་པ་བཞིན་གཤིབ་སྡུར་ཞིབ་བཤེར་བྱས་པ་དང་། ཚང་མས་བརྗོད་དོན་དང་དམ་པོར་སྦྲེལ་ཏེ་སྣེ་ཁྲིད་བརྒྱད་དང་གཤིབ་སྡུར་བྱས་པ་དང་། རང་ཉིད་དེའི་ཁྲོད་དུ་ཞུགས་པ་དང་འགན་འཁྲི་ལག་བསྟར་བྱེད་པ། བྱ་བ་ནན་ཏན་སྒོས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཤིང་། མཐུན་སྒྲིལ་དང་སྐྱོན་བརྗོད། མཐུན་སྒྲིལ་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་པ་དང་། གཟབ་ནན་དང་ནན་ཏན་སྒོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་གི་གཅིག་བསྡུས་སྟོབས་ཤུགས་དང་འཐབ་འཛིང་སྟོབས་ཤུགས། མདུན་སྐྱོད་སྟོབས་ཤུགས་བཅས་སྔར་ལས་མཐོར་འདེགས་སུ་བཏང་བ་དང་། སྔོན་དཔག་དམིགས་འབེན་དུ་སླེབས། གྲོས་ཚོགས་ནས་དུས་ལྟར་བཅོས་སྒྱུར་བྱེད་པའི་རྣམ་འགྱུར་འཛིན་པ་དང་འགུལ་སྐྱོད་ངོ་མར་བརྟེན་ནས་གནད་དོན་དག་ཐེར་བཅོས་སྒྱུར་བྱ་བ་དམ་འཛིན་བྱས་ནས། དག་ཐེར་བཅོས་སྒྱུར་བྱ་བ་དངོས་འབེབས་བཟང་བོ་བྱས་ཏེ་ཕན་འབྲས་ངོ་མ་ཐོབ་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཝང་ལིས་མེན་གྱིས་བསྟན་དོན། དོན་དངོས་བྱ་སྤྱོད་ཀྱིས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོང་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ཀྱི་ཆེས་མཐོའི་ཆབ་སྲིད་རྩ་དོན་གཡོ་འགུལ་མེད་པ་རྒྱུན་འཁྱོངས་དང་། རང་རྟོགས་ཀྱིས་ཏང་ཀྲུང་དབྱང་གི་གྲོས་གཞི་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་ཏང་ཀྲུང་དབྱང་གི་ཆོད་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱེད་པ་མཐའ་གཅིག་ཏུ་མི་བསྒྲུབ་པ་བཅས་བྱེད་དགོས། བསམ་བློའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་གྲོས་གཞི་དང་པོའི་ལམ་ལུགས་དངོས་འབེབས་བྱེད་པ། མ་ཡིག་ལ་སློབ་སྦྱོང་བྱེད་པ་དང་མ་ཡིག་ཀློག་པ། གཞུང་ལུགས་ལ་གོ་བ་ལེན་པ་བཅས་རྒྱུན་འཁྱོངས་བྱས་ནས། ཟོལ་མེད་ཀྱིས་སློབ་སྦྱོང་བྱས་ནས་གོ་བ་ལོན་པ་དང་ཡིད་ཆེས་དང་བེད་སྤྱོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། དཀྱིལ་སྙིང་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་དགོས་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། དམངས་ཆེན་བྱ་བས་ཞིང་ཆེན་ཡོངས་ལ་ཞབས་ཞུའི་འགན་སྲུང་བྱེད་པའི་གནད་གསལ་བོར་བཙལ་ཏེ། ཟོལ་མེད་ཀྱིས་དམངས་ཆེན་ལམ་ལུགས་ཀྱི་ཁྱད་སྟོབས་དེ་བཅོས་སྐྱོང་བྱེད་ནུས་སུ་བསྒྱུར་བ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ལྡན་སྒུལ་ཤུགས་སུ་བསྒྱུར་དགོས། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱས་ཤིང་ལས་ཁུངས་བཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་ནམ་ཡང་ལམ་ན་ཡོད་པ་གཉིས་དང་དགོས་ངེས་གསུམ་ཡིད་ལ་དམ་པོར་འཛིན་པ། འཐབ་རྩོད་སེམས་འདུན་བརྟན་པ་དང་འཐབ་རྩོད་ནུས་པ་ཆེ་བར་བྱས་ནས་བྱ་བའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། ལེགས་བཅོས་དངོས་འབེབས་ལ་ཤུགས་སྣོན་བྱས་ཏེ། གནད་དོན་ཀྱི་ཁ་ཕྱོགས་དང་དམིགས་འབེན་གྱི་ཁ་ཕྱོགས། མཇུག་འབྲས་ཀྱི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས། ལེགས་བཅོས་ལས་འགན་གནད་དུ་འཛིན་པ་དང་ལེགས་བཅོས་འགན་འཁྲི་དངོས་འབེབས་བྱེད་པ། ལེགས་བཅོས་ཕན་ནུས་ཇེ་དྲག་ཏུ་བཏང་སྟེ། གནད་དོན་ལེགས་བཅོས་ཀྱི་བརྒྱུད་རིམ་དེ་ཏང་གཤིས་སྦྱོང་བ་དང་རང་ཉིད་མཐོར་འདེགས། ཐུན་མོང་ལྟ་ཚུལ་གཅིག་སྡུད་བྱེད་པ། འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་སྐུལ་འདེད་བཏང་ནས། བྱ་བའི་སྤུས་ཚད་ཆུ་ཚད་མཐོར་འདེགས་དང་དམངས་ཆེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

                                                                      བཀྲ་ཤིས་འབུམ་དང་བསོད་ནམས་ཚེ་རིང་གིས་བསྒྱུར།