མཚོ་སྔོན་ཞིང་ཆེན་གྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.02.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། འདས་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱས་པ་དང་ཁག་ཁུར་འབད་འཐབ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། དཀྱིལ་སྙིང་ལ་དམིགས་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་སྣ་ཚོ་གས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། ལངས་ཕྱོགས་མངོན་གསལ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས། ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་མི་སེམས་གཅིག་ཏུ་བསྡུས་ཏེ། སྦྱངས་པ་གོ་ཆོད་པར་བྱེད་དགོས། སྲ་བརྟན་དང་མཐོར་འདེགས་གཏོང་བ་འབུར་དུ་ཐོན་པར་བྱེད་པ་དང་། ལས་བྱེད་པའི་འདེམ་བསྐོ་དང་སྐྱེད་སྲིང་། དོ་དམ། བཀོལ་སྤྱོད་ལེགས་བསྒྱུར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འགན་འཁྲི་ཐེག་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཤོང་ཚད་རྒྱ་སྐྱེད་པ་དང་ནུས་པ་གསོག་འཇོག་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་བཟང་བོ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས། སྤུས་འདེགས་ནུས་སྤེལ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་མ་ལག་ཇེ་དམ་དུ་གཏོང་བ། ཏང་འཛུགས་དམ་འཛིན་བྱེད་པ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་སོ་སོའི་ཏང་འཛུགས་ཐད་གཅིག་འདོམས་བྱས་ནས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་རྩོལ་ནུས་དང་རྩ་འཛུགས་རྩོལ་ནུས་ཇེ་མཐོར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་ནན་སྟོན་བྱས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ལག་བསྟར་བྱེད་པ། ཡུན་རིང་འཆར་འགོད་བྱེད་པ་དང་སྲིད་ཇུས་བཀོལ་སྤྱོད་གནད་ཕིགས་བྱེད་པ། གསར་གཏོད་བྱེད་ཕོད་པ། ལག་བསྟར་བྱེད་ཤེས་པ། འཐབ་རྩོད་བྱེད་ཕོད་པ། དྲང་བདེན་ཡོང་བར་བྱེད་པ། རྩ་འཛུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་སྟེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས།

                                                                                              རིན་ཆེན་མཚོས་བསྒྱུར།