ཟླ་གཉིས་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། རྒྱལ་ཡོངས་སྤྱི་བདེའི་ཅུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཞིང་ཆེན་གྱི་ཚོགས་ཆེན་གཉིས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་སྤྱི་བདེ་བྱ་བའི་ཐད་བཏོན་པའི་བླང་བྱ་བཅས་བརྒྱུད་སྒྲོག་བྱས་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་ཁྱད་འཕགས་གྲུབ་འབྲས་བླངས་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གི་ཐིན་ཀྲང་ལིས་ཧུང་ཡཱ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ནས་འདས་པའི་ལོ་ལྔར་ཕྱིར་བལྟ་དང་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བས་བླངས་པའི་གྲུབ་འབྲས་གཙོ་བོར་སྤྱི་སྡོམ་བྱས་ཏེ། མིག་སྔའི་མདུན་དུ་ལྷག་པའི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་ཟབ་མོ་བྱས་པ་དང་། ད་ལོ་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་བྱ་བ་གཙོ་བོར་ཕྱོགས་ཡོངས་དང་མ་ལག་ལྡན་པའི་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ལྷག་པར་དུས་རབས་གསར་བའི་སྤྱི་བདེ་བྱ་བའི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱིས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པ་དང་བཅོས་སྒྱུར་གྱིས་སྟོབས་ལྡན་ཉེན་རྟོག་པ་བསྐྲུན་པ། ཚན་རྩལ་གྱིས་ཉེན་རྟོག་པ་དར་སྤེལ་བྱེད་པ། ཉེན་རྟོག་པ་ནན་མོར་སྐྱོང་བ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་དང་། ཉེན་ཁ་སྔོན་འགོག་དང་འགོག་རྐྱེན་སེལ་བ། དོན་རྐྱེན་འབྱུང་ཚད་ཇེ་དམའ་རུ་གཏོང་བ་། བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཆེད་དོན་འགུལ་སྐྱོད་གཙོར་འཛིན་པ་དང་། བཅོས་སྒྱུར་གསར་གཏོད་གཏིང་ཟབ་བྱེད་པ་སྒུལ་ཤུགས་སུ་བྱེད་པ། རྣོ་ལྕགས་ལྟ་བུའི་སྤྱི་བདེ་དཔུང་ཁག་བསྐྲུན་པ་ཁག་ཐེག་བྱས་ཏེ། རང་འགུལ་གྱིས་སྤྱི་ཡོངས་བསམ་པ་དང་། རང་རྟོགས་སྒོས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དོན་དངོས་འགུལ་སྐྱོད་སྤེལ་ནས་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་དང་། དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ། དམངས་ཚིས་ལ་ཕན་པ་བསྐྲུན་ཞིང་དམངས་སེམས་ལ་དྲོལ་ཁོལ་ལྡན་པར་བྱས་ནས། དུས་རབས་གསར་བའི་སྤྱི་བདེ་བྱ་བའི་དེང་རབས་ཅན་འཛུགས་སྐྲུན་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་བྱ་བའི་སྲུང་སྐྱེལ་བ་བཟང་པོ་ཞིག་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།