སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་བྱས། བགྲོ་གླེང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་མཐོང་རྒྱ་ཡངས་ཤིང་དགོངས་དོན་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་རེད། ང་ཚོས་བསམ་བློ་དང་འགུལ་སྐྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་མདོར་བསྡུས་ནས་བཏོན་པར་མ་ཟད་རྒྱས་བཤད་གནང་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རིགས་གཞུང་གསར་སྐྲུན་གལ་ཆེན་ཞིག་ཡིན་པ་དང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གསར་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས། ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དུ་ཟིན་པའི་གོ་གནས་གལ་ཆེན་རྒྱས་བཤད་མཛད་པ་དང་། ཏང་གི་མགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་ཁ་ཕྱོགས་དང་མདུན་ལམ་དང་ལས་དབང་། མཇུག་མཐའི་རྒྱལ་ཕམ་ལ་ཐད་ཀར་དུ་འབྲེལ་བ་ཡོད་ཅེས་གསལ་བོར་བསྟན།
བགྲོ་གླེང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་རིགས་གཞུང་རང་བཞིན། དམིགས་ཡུལ་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན། ལག་ལེན་དངོས་ལས་གཏན་ཕབ་གཉིས་ནི་དཀའ་ཁག་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་། ངེས་གཏན་མིན་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ཆེས་ཆེ་བའི་ངེས་གཏན་རང་བཞིན་དང་ཆེས་ཆེ་བའི་གཏིང་ཤུགས། ཆེས་ཆེ་བའི་ཁག་ཐེག་ཡིན་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་ཁྲོད་དུ་དཀའ་སྤྱད་སྡུག་རུས་དང་འབད་འབུངས་ལྷོད་མེད་བྱས་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ང་ཚོས་ཅིས་ཀྱང་ལྡབ་འགྱུར་སྒོས་གཅེས་སྤྲས་བྱེད་དགོས་པ་དང་། ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་མུ་མཐུད་དུ་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་གཏོང་དགོས། བགྲོ་གླེང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་ཡང་དག་པ་བྱེད་པ་དང་ཤུགས་ཆེན་པོས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།
བགྲོ་གླེང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་འཆར་གཞི་ཇུས་འགོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཏན་ཏིག་སྒོས་ས་གནས་རང་དང་ལས་ཁུངས་རང་གི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་དང་། ཏན་ཏིག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།