ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གསར་ཞུགས་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་སློབ་མཇུག་བསྒྲིལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་མཇུག་སྒྲིལ་མཛད་སྒོར་ཞུགས་ནས་སྤྱི་སྡོམ་གཏམ་བཤད་སྤེལ། ཁོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛིན་གྲྭ་བསྡུ་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ལ་སྲུང་སྐྱོང་བྱེད་ཚད་སྔར་ལས་ཇེ་བརྟན་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ། འཇོན་ནུས་ཤུགས་དྲག་དང་དངོས་སྒྲུབ་དམ་འཛིན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
བགྲོ་གླེང་སྐབས་སུ། སློབ་མ་ཡོངས་ཀྱིས་ནན་ཏན་གྱིས་སློབ་སྦྱོང་དང་ཞིབ་འཇུག བགྲོ་གླེང་ཟབ་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། འགན་འཁྲི་སྒྲུབ་སེམས་དང་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཇེ་དྲག་ཏུ་བཏང་། མཇུག་སྒྲིལ་མཛད་སྒོའི་སྟེང་འཐུས་མི་བཅུ་ཡིས་གཏམ་བཤད་དེ་བརྗེ་རེས་སློབ་སྦྱོང་གི་གྲུབ་འབྲས་སྙན་ཞུ་བྱས།
ཚའེ་ཆིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་པ་དང་། དུས་ནམ་ཡང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། རང་རྟོགས་ཀྱི་སྒོ་ནས་ཏང་གི་གཞུང་ལུགས་གསར་གཏོད་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་ནས། གཏིང་ཟབ་ཏུ་སློབ་པ་དང་གོ་བ་ཞིབ་མོ་ལེན་པ། ལག་བསྟར་ནན་མོ་བྱེད་པ་བཅས་ཀྱི་སྟེང་ཤུགས་འདོན་དགོས། འབད་འབུངས་ཡར་བརྩོན་གྱི་རྣམ་འགྱུར་བཟུང་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱེད་པ་དང་། གོམ་པ་རེ་རེ་བཞིན་འཆར་འགོད་མངོན་འགྱུར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཧྲི་ཐའེ་ཧྥིན་དང་། ལིས་ཀན་ཅེ། ལིས་ཧྲུའུ་ལེ། ཁྲིན་ཝུན་ཆིན། ལིའུ་ཅིན་གོ། ཝང་ཞའོ་ཧུང་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་། ཁྲིན་ཞི་ཡིས་མགོ་འཛིན་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།