ཟླ་གཉིས་པའི་ཚེས་བཅུ་ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་གཙོ་སྙིང་དུ་འཛིན་པ་དང་། མཉམ་གནས་བཞིའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་དགོས་ལ། ཁས་ལེན་ལྔའི་འདུ་ཤེས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
དབྱང་ཀྲི་ཝུན་སྔ་གཞུག་ཏུ་ལྟ་སྐུལ་ཞིབ་བཤེར་ཁྲུའུ་དང་ཆོས་ལུགས་བྱ་བའི་ཕྱོགས་བསྡུས་ཁྲུའུ། ཞིང་ཆེན་གྲངས་ཉུང་མི་རིགས་གནའ་གཞུང་སྲུང་སྐྱོབ་ལྟེ་གནས། སྲིད་ཇུས་ཁྲིམས་སྲོལ་ཁྲུའུ། མི་རིགས་དཔལ་འབྱོར་འཕེལ་རྒྱས་ཁྲུའུ་སོགས་འབྲེལ་ཡོད་ཁྲུའུ་དང་གཞུང་ལས་ཁང་དུ་སོང་ནས། ལས་བྱེད་པ་དང་ལས་བཟོ་བ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ་དང་། དེར་མཐུད་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད་གོ་རིམ་རྗེས་མའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་བྱེ་བྲག་གི་རེ་བ་བཏོན།
དབྱང་ཀྲི་ཝུན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དེ་དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་པར་འབྲེལ་བ་ཆེན་པོ་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་མི་རིགས་ལས་དོན་ལ་བསམ་བློ་མ་བཏང་ཚེ་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ་ཅེས་པའི་མངག་བཅོལ་ནན་མོ་ཡིད་ལ་དམ་པོར་བཅངས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་དགོས་ལ། ཏང་གི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་དབང་བསམ་བློའི་ཁྱིམ་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུང་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བརྗོད་སྙིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་རང་བཞིན་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོས་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་ཕྱོགས་ཡོངས་ནས་བརྗེ་རེས་བྱེད་པ། མཉམ་བསྲེས་གང་ལེགས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གཟབ་ནན་དང་ཏན་ཏིག་གི་རེ་བ་དེ་བྱ་བའི་ཐོག་མཐའ་བར་གསུམ་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་སྲོལ་སྲིད་གཙང་དང་བྱ་བའི་སྤྱོད་ཚུལ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱས་ནས། རྒྱལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ཐོག་མ་འགྲུབ་པར་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།