ཝང་དབྱི་ཡིས་ཐེ་གོའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཏུན་ལ་ཐུག་འཕྲད་བྱས།
2023.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་ནས་ཐེ་གོའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཏུན་ལ་ཐུག་འཕྲད་བྱས།

 ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཐེ་གོ་གཉིས་ནི་ཁྱིམ་ཚང་གཅིག་ལྟར་བརྩེ། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་གོར་འཚམས་འདྲི་ལེགས་པོ་གནང་ནས། སྔར་ལས་བརྟན་འཇགས་དང་སྔར་ལས་དར་རྒྱས། སྔར་ལས་རྒྱུན་སྲིང་བཅས་ཀྱི་ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐད་ནས་ཐེ་གོའི་བར་དུ་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་དང་ལག་གདང་མཉམ་སྦྲེལ་གྱིས་འཚམས་འདྲི་དེའི་ཕན་འབྲས་དོན་འཁྱོལ་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཚུལ་མཐུན་ཁེ་དབང་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ཀྱི་ཆེ་ཕྱོགས་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཟེར། ཁོས་ཀྲུང་གོ་དང་ཐེ་གོའི་མཉམ་ལས་ཀྱིས་ཀྲུང་གོ་དང་ཐེ་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་སུ་བདེ་སྐྱིད་བསྐྲུན་ཐུབ་ཅེས་ནན་གྱིས་བསྟན། 

ཏུན་གྱིས་ཐེ་གོ་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་གོང་དུ་སྤེལ་བར་བྱས་རྗེས་འཇོག་འདོད་ཡོད་པ་དང་། བྱ་སྤྱོད་དངོས་ལས་ཐེ་གོ་དང་ཀྲུང་གོ་གཉིས་ནི་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལག་ལེན་བྱེད་འདོད་ཡོད་ཅེས་བསྟན། 

                                                                                                                  ཕྱུག་ལོས་བསྒྱུར།