ཟླ་གཉིས་པའི་ཚེས་བཅུ་ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཉེན་རྟོག་བཅོས་སྐྱོང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ཐད་ཀྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་སྐོར་གྱི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ནམ་ཡང་ལམ་དུ་ཡོད་པ་གཉིས་ཀྱི་རིག་ལམ་གསལ་བོ་སྲུང་འཛིན་བྱེད་པ། བླང་བྱ་སྔར་ལས་ནན་མོ་དང་ཚད་གཞི་སྔར་ལས་མཐོན་པོ། ནུས་ཤུགས་སྔར་ལས་ཆེན་པོས་ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཉེན་རྟོག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཉེན་རྟོག་པ་ཏང་ལ་གཏོགས་པའི་རྩ་བའི་ངོ་བོ་ཡིད་ལ་དམ་པོར་འཛིན་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་ནན་མོ་དང་དྲང་གཞག་ཡོང་བར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོ་དང་དག་གཙང་ཡོང་བར་བྱེད་པ་དང་ཏང་གི་སེམས་བདེ་བར་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་སྤྱོད་ངན་བཞིའི་གནད་དོན་ཡོ་བསྲང་བྱེད་པ་དང་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ་ཉེན་རྟོག་ལས་ཁུངས་ཀྱི་སྤྱོད་ཚུལ་གནད་དོན་མུ་མཐུད་དུ་ཡོ་བསྲང་བྱེད་དགོས། ཏང་དོ་དམ་དང་ཉེན་རྟོག་བཅོས་སྐྱོང་ཚད་གཞི་བཀོལ་སྤྱོད་བཟང་བོ་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་ཐད་ཀྱི་སློབ་གསོར་ཤུགས་སྣོན་པ། སྔ་མོ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཉིན་རྒྱུན་གྱི་དོ་དམ་ལག་བསྟར་ནན་མོ་བྱེད་དགོས། རུལ་སུངས་བྱེད་མི་འདོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་ཕོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་སྟེ་རུལ་འགོག་ནུས་པ་ཇེ་ཆེར་གཏོང་དགོས། ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཉེན་རྟོག་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཉེན་རྟོག་བཅོས་སྐྱོང་བྱ་བར་སྔར་ལས་ཁ་ཕྱོགས་ཡོད་པ་དང་ནུས་ཤུགས་ཡོད་པ། ཕན་ནུས་ཡོད་པར་སྐུལ་འདེད་གཏོང་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།