ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས། 
2023.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་བྱས་པ་དང་། ལག་ལེན་དངོས་འབེབས་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་ཏེ་རེ་བ་བཏོན། དབྱང་ཧྥུན་ཁྲུན་དང་། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས། 

གྲོས་ཚོགས་ནས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དེ་དུས་རབས་གསར་བ་དང་བཞུད་ལམ་གསར་བའི་ཏང་དང་རྒྱལ་ཁབ་ལས་དོན་གྱི་འཕེལ་རྒྱས་ཆེ་ཕྱོགས་ཀྱི་འཐབ་ཇུས་མཐོ་ཚད་ནས་ལངས་ཏེ། ཆ་ཚང་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བརྗོད་བྱས་ཡོད་ལ། བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། དམིགས་སའི་རང་བཞིན་བཅས་དྲག་པོ་ལྡན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ནས་རང་ཞིང་གི་བྱེ་བྲག་གི་ལག་ལེན་དངོས་འབེབས་བསམ་འཆར་བཏོན་ནས། མཚོ་སྔོན་གྱི་བྱ་བ་དང་། ཞིང་ཆེན་དམངས་ཆེན་གྱི་བྱ་བ་བཟང་བོར་སྒྲུབ་པའི་ཐད་བསྲུང་བྱ་དང་བྱེད་ཕྱོགས། ཐབས་ལམ་བཅས་འདོན་སྤྲོད་བྱས་ཡོད་པར་མ་ཟད། ཕུན་སུམ་ཚོགས་པའི་ནང་དོན་དང་དོན་སྙིང་བསྩལ་ཡོད་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། རང་འགུལ་གྱིས་དམངས་ཆེན་བྱ་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནད་གསར་བའི་སྟེང་བཞག་ནས་བསམ་གཞིགས་དང་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས། ཆེ་ཕྱོགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དཀྱིལ་སྙིང་ལ་དམིགས་པའི་འགན་འཁྲི་ལག་བསྟར། ལྟ་སྐུལ་དངོས་འབེབས་བྱེད་པ་དམ་འཛིན། དམངས་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་གསར་བའི་རྣམ་པ་གསར་བ་འཛུགས་པ། ཞིང་གསུམ་སོགས་བྱ་བར་སྐུལ་འདེད་གཏོང་བའི་གནད་ས་ཡང་དག་པར་བཙལ་ནས། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལས་རིམ་གཅིག་བསྡུས་སྒོས་ལངས་གནས་མཐོ་བ་དང་ཚད་གཞི་མཐོན་པོས་ཁྲིམས་འཛུགས་དང་ལྟ་རྟོག། ཐག་གཅོད། བསྐོ་འཐེན། དེ་མིན་འཐུས་མིའི་བྱ་བ་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། དམངས་ཆེན་བྱ་བ་དེ་དཀྱིལ་སྙིང་དུ་གཅིག་བསྡུས་དང་ཆེ་ཕྱོགས་ལ་ཤུགས་འདོན་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས། 

གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་དང་གྲོས་སྡུར་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།