ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས།
2023.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  སྔོན་ཐོན་ལ་གཟེངས་བསྟོད་བྱས། ཁུལ་དང་གྲོང་ཁྱེར་ཁག་ཅིག་གི་མི་རིགས་ཆོས་ལུགས་ལས་དོན་གྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པ་དང་། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་པ། དཔེ་གཞི་གསར་སྐྲུན་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས། འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ཐད་ལམ་གསར་བ་བཏོད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་སྲུང་འཛིན་བྱས་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་རིགས་ཆོས་ལུགས་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་ཏུ་གཏོང་བའི་དཔེ་གཞི་གསར་སྐྲུན་སྣེ་ཁྲིད་སྟེང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། འབད་པ་ཆེན་པོས་མཚོ་སྔོན་རྒྱལ་ཡོངས་གསར་སྤེལ་བྱ་བའི་མཐོ་ས་གསར་བ་རུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་པའི་སྟེང་བྱེད་ཕྱོགས་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། མི་རིགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་མཚོན་བསྐྲུན་ཏེ། འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ཀྱི་ཁྱབ་ཚད་དང་གཏིང་ཚད་རྒྱ་སྐྱེད་གཏོང་དགོས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་པའི་སྟེང་ནུས་ཚད་མངོན་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཐད་ལག་ལེན་འཚོལ་ཞིབ་བྱེད་པ་དང་། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྟེང་ཁག་ཁུར་ཡོད་པར་བྱེད་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པར་གྲུབ་འབྲས་ཐོབ་པར་བྱས་ཏེ། བློ་སེམས་གཅིག་མཐུན་དང་ནུས་ཤུགས་ཡོད་དགུས་དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་ཆོས་ལུགས་ལས་དོན་ལེགས་པོར་སྒྲུབ་དགོས།

                                                                                           རིག་འཛིན་སྒྲོལ་མས་བསྒྱུར།