ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་པའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཟི་ལིང་དུ་བསྡུས། 
2023.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར།   ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་པའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཟི་ལིང་དུ་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་སྤྱི་ཚོགས་ཚན་རིག་རིག་གཞུང་ལས་རིགས།    ཞིང་ཆེན་ཁོངས་གཏོགས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་སོ་སོའི་སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ།   ཞིབ་འཇུག་འགྲེལ་བཤད་བཟང་བོ་བཅས་བྱེད་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་འཐབ་ཕྱོགས་ཀྱི་ཆབ་སྲིད་ལས་འགན་དང་པོ་ཡིན་ལ།  ཆེས་གལ་ཆེ་བའི་ཆབ་སྲིད་ལས་འགན་ཡང་ཡིན།    ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་འགུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག   ལག་བསྟར་བཅས་བྱེད་པའི་འཐབ་ཕྱོགས་དང་པོར་ཞུགས་པ།   གཙོ་གནད་དམ་འཛིན་དང་དཀའ་གནད་ཁྱད་སེལ།   དགེ་མཚན་འདོན་སྤེལ།  ཚད་མཐའ་བརྟན་སྲུང་བཅས་བྱེད་པ།    མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་རྒྱུས་ལོན།  ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ཤུགས་བཏོན་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པ།   རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ།   བསམ་བློའི་དར་ཆ་མཐོན་པོར་སྒྲེང་བ་རྒྱུན་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་དགོས།     ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་ནན་མོ་བྱེད་དགོས།   དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རིག་གཞུང་གལ་ཆེན་དང་དངོས་ཡོད་གནད་དོན་ཐད་ཀྱི་ཞིབ་འཇུག་སྤེལ་དགོས།   ཐོན་ཁུངས་དང་པོ་བཀོལ་སྤྱོད་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་འཇོན་མིའི་དཔུང་སྡེ་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་དགོས།   འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགོག་ར་བརྟན་པོར་འཛུགས་དགོས།

                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།