ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2023.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་ཁྲིམས་འཛུགས་འཆར་འགོད་འཆར་ཟིན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་ཞིབ་བཤེར་ཆོག་འཐུས་སྒྲིག་སྲོལ་སྲོལ་བྱ་བའི་འཆར་འགོད་འཆར་ཟིན་སྒྲིག་ལུགས་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་ཡར་ཞུ་ལ་འཐད་པ་བྱུང་ནས་གོ་རིམ་ལྟར་སྒྲུབ་རྒྱུ་ཐག་བཅད།

གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་སྤྲད་དེ་གྲོས་ཞིབ་བྱེད་པའི་མི་དོན་གནས་ཚུལ་སྐོར་གྱི་གསལ་བཤད་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་འཆར་ཟིན། གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་ཡར་ཞུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་གནད་སའི་མ་ཡིག ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་ཁྲིམས་འཛུགས་འཆར་འགོད་འཆར་ཟིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་ལྟ་སྐུལ་བྱ་བའི་འཆར་འགོད་འཆར་ཟིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་འཐུས་མིའི་བྱ་བའི་འཆར་འགོད་འཆར་ཟིན་སོགས་ཀྱི་གནས་ཚུལ་སྐོར་གྱི་ཡར་ཞུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣའི་འདེམ་མིའི་གྲོས་གཞི་སྐོར་གྱི་ཡར་ཞུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་སྤྲད་དེ་གྲོས་ཞིབ་བྱེད་པའི་མི་དོན་བསྐོ་འཐེན་གྲོས་གཞི་སྐོར་གྱི་ཡར་ཞུ་བཅས་ལ་རིམ་པ་བཞིན་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་གཞི་དེ་དག་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་ཡར་ཞུ་དང་ཉིས་སྟོང་ཉེར་གཉིས་ལོའི་ཐོ་འགོད་སྙན་སེང་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ཚལ་རྩྭ་སའི་མེ་འགོག་སྲོལ་ཡིག་བཟོ་བཅོས་སོགས་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་ཡར་ཞུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་མི་དོན་བསྐོ་འཐེན་གྲོས་གཞི་གྲ་སྒྲིག་གནས་ཚུལ་སྐོར་གྱི་ཡར་ཞུ་བཅས་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་གཞི་དེ་དག་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས།

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཆེད་ལས་ཚན་ཆུང་འཛུགས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་གཞིའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་ཡར་ཞུ་དེ་དག་ལ་འཐད་པ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                                        བཀྲ་ཤིས་འབུམ་གྱིས་བསྒྱུར།