མཚོ་སྔོན་གྱི་སི་ཁྲོན།ཀན་སུའུ་ཞིང་ཆེན་དང་འདྲེས་མཚམས་ས་ཁུལ་གྱི་བདེ་འཇགས་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པའི་མཐུན་སྦྱོར་ཚན་ཆུང་གི་རྒྱས་འཛོམས་གྲོས་ཚོགས་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་ཟི་ལིང་དུ་བསྡུས།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་མགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ལིས་ཧུང་ཡ་དང་ཀྲང་ཙིག་ཅུན། ཀྲ་ཅིག་ཆིན་བཅས་གྲོས་ཚོགས་ལ་ཞུགས།
ཝང་ཝེ་ཏུང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་དང་འདྲེས་མཚམས་ས་ཁུལ་གྱི་བདེ་འཇགས་དར་སྤེལ་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོས་འགན་འཁྲི་ཕྲག་ཏུ་བླངས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ལས་གཞིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་སྟེ། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་དར་སྤེལ་གྱིས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ། ལས་གཞི་ལ་འཆར་འགོད་བཟང་བོ་བྱེད་པ། དགེ་མཚན་འཚོལ་བ། ཐོན་ལས་དར་སྤེལ་གཏོང་བ། དམངས་ཚིས་དམ་འཛིན་བྱེད་པ། འདྲེས་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ལམ་གསར་བ་བཏོད་དེ། བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།
ཝང་ལིན་ཧུའུ་ཡིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བར་དམིགས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ་དང་། བདེ་འཇགས་དང་དར་སྤེལ་བྱ་བའི་གྲུབ་འབྲས་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། ཁྲིམས་ལྟར་ཁྲིམས་འགལ་ཉེས་བྱས་བྱ་འགུལ་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། བདེ་འཇགས་བརྟན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་པ། གཞི་རིམ་གྱི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་སུ་བཏང་སྟེ། བདེ་འཇགས་འཛུགས་སྐྲུན་གྱི་སྤྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། བྲེལ་མི་རུང་བ་དང་དལ་མི་རུང་བ། སྒུག་མི་རུང་བའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ལ་བརྟེན་ནས། རང་འགུལ་གྱིས་འབད་བརྩོན་བྱེད་པ་དང་ཁག་ཁུར་བྱེད་ཕོད་པར་བྱེད་པ། བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་གྱི་བྱ་བའི་ལས་འགན་སྣ་ཚོགས་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་ནས། ཧུར་ཐག་གིས་འདྲེས་མཚམས་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།